e-texts navigator
Collection
Volume
Page
Wylie

175b1 ལཱྀ་རང་སྟོད་པས་བདག་ཀྱང་ཁྱོད་ལྟར་ཤོག།དེའི་ཚེ་དེའི་དུས་ན་དྲི་ཟའི་རྒྱལ་པོ་ཟུར་དུང་ལྔ་པས་དཔལ་ལྷ་མོ་ལ་ཕྲིན་ལས་ཀྱི་སྒྲ་ནས་བསྟན་པ།སེམས་ཉིད་ཕྲིན་ལུས་རྣམ་བཞིའི་ཁྱད་པར་ནི།།ས
175b2 ཉི་ད་གུད་ན་མེད་ཅིང་སེམས་ཀྱང་མེད།།དོན་དམ་སྤྲོས་བྲལ་ཁ་དོག་གཟུགས་ཀྱང་མེད།།ཀུན་རྫོབ་སྒྱུ་མ་ཙམ་དུ་རང་གི་སེམས།།འཐུན་པར་བསྟན་པའི་ཞི་བ་དཔལ་ལྷ་མོ།།ཞི་མཛད་ནི
175b3 འགྱུར་ཞི་བའི་ངང་ཚུལ་ཅན།།ཞི་བའི་འཁོར་གྱི་བསྐོར་བའི་གཙོ་མོ་ནི།།རྟགས་ཀྱི་སྐུ་མདོག་དཀར་མེ་ཤིན་ཏུ་དངས།།ཀུན་ཏུ་ཞི་མཛད་ཁྱོད་ལ་ཕྱག་འཚལ་བསྟོད།།བདག་གི་དགྲ་དང
175b4 ནད་རྣམས་ཞི་བར་མཛོད།།འཐུན་པར་བསྟན་པའི་རྒྱས་པའི་དཔལ་ལྷ་མོ།།རྒྱས་མཛད་རྒྱས་འགྱུར་རྒྱས་པའི་ངང་ཚུལ་ཅན།།རྒྱས་པའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི།།རྟགས
175b5 ཀྱི་སྐུ་མདོག་སེར་མོ་ཤིན་ཏུ་བརྗིད།།ཀུན་ཏུ་རྒྱུས་མཛད་མ་ལ་ཕྱག་འཚལ་བསྟོད།།བདག་གི་བསོད་ནམས་ཡེ་ཤེས་རྒྱས་པར་མཛད།།འཐུན་པར་བསྟན་པའི་དབང་མོ་དཔལ་ལྷ་མོ།།
175b6 དབང་མཛད་པང་སྦྱར་དབང་གིས་ངང་ཚུལ་ཅན།།དབང་གིས་འཁོར་གྱིས་བསྐོར་བའི་གཙོ་མོ་ནི།།རྟགས་ཀྱི་སྐུ་མདོག་དམར་པོ་ཤིན་ཏུ་བརྗིད།།ཀུན་ཏུ་དབང་མཛད་ཁྱོད་ལ་ཕྱག་འཚལ
175b7 བསྟོད།།བདག་གི་ནད་དང་དགྲ་རྣམས་དབང་དུ་མཛོད།།འཐུན་པར་བསྟན་པའི་དྲག་པོ་དཔལ་ལྟ་མི།།དྲག་མཛད་དྲག་འགྱུར་དྲག་མོའི་ངང་ཚུལ་ཅན།།དྲག་མའི་འཁོར་གྱིས་བསྐོར




iiif viewer powered by OpenSeadragon

175a - 176a

Texts on this page

N606 - dpal lha mo nag mo'i bstod pa rgyal po'i rgyud