| | e-texts navigator
|
175a1 བཟང་ངན་གཉིས་མེད་རང་བཞིན་གཅིག་གི་བསྟོད།།སྐྱོད་མོད་རྫོགས་པ་གཉིས་མོད་ལྷུན་གྲུབ་མཆོག།སེམས་དང་ཕུང་པོ་གཉིས་མེད་སེམས་ཉིད་དོ།།སྒྲུབ
175a2 དང་བསྒྲུབ་བྱ་གྲ་ཉིས་མེད་གྲུབ་པའི་དྲུང་།།བདག་གཞན་གཉིས་མེད་ཚུལ་མཆོག་གཅིག་གིས་བསྐྱོད།།ཡབ་དང་ཡུམ་མཁའ་གཉིས་མེད་བྱང་ཆུབ་སེམས།།ཐབས་དང་ཤེས་རབ
175a3 གཉི་སུ་མེད་པའི་དོན།།སྟོང་དང་མི་སྟོང་གཉིས་མེ་ཞི་པའི་དང་།།བྱུར་དང་འགྱུར་མེད་རྩོལ་བྲལ་ཕྱོག་འཚལ་བསྟོད།།སྒྲ་ཚིག་གཉིས་མོད་བརྗོད་པ་མེད་པའི་ངང་།།ལུས་དག་གཉིས
175a4 མེད་སེམས་ཉིད་གཅིག་གི་ཚུལ།།རྩོལ་བྱེད་བརྩོལ་བྱ་གཉིས་མེད་དོན་གཅིག་པས།།རྣམ་པར་སྤྲོས་མེད་དོན་དམ་དབྱིངས་ཀྱིས་བསྟོད།།མུ་སྟེགས་སངས་རྒྱས་གཉིས་མོད
175a5 ཚུལ་གཅིག་པས།།དབྱིངས་དང་རིག་པ་གཉིས་མེདོ་དོན་རྟོགས་ཏེ།།སྲིད་དང་རྣམ་གྲོལ་ཡང་དག་དོན་གཅིག་པས།།ཐམས་ཅད་གཉིས་མེང་སྐུ་ལ་ཕྱག་འཚལ་བསྟོད།།
175a6 ཕྱི་དང་ནང་མེད་གཉིས་མེད་གཅིག་གི་དང་།།སེམས་ལྡན་སེམས་མེད་རྣམ་དག་ཞི་བའི་ཚུལ།།སྣང་དང་མི་སྣང་གཉིས་མང་གཅིག་གིས་མཐོང་།།གཉིས་མེད་དོན་མཆོག
175a7 ཁྱོད་ལ་ཕྱག་འཚལ་བསྟོད།།འདི་དག་རྣམས་ནི་དོན་དམ་ཟབ་མོའི་ཚུལ།།སྤྲོས་པ་མེད་པའི་དོན་དང་འབྲེལ་པ་སྟེ།།འདི་རྣམས་ལྷ་མོ་ཁྱོད་ཀྱིས་ཐུགས་ལ་གསལ།།འདི
iiif viewer powered by OpenSeadragon
174b - 175b