| | e-texts navigator
|
167a1 གཡུལ་འཆག་པའི་ཆོ་གའོ།།ད་ནོ་འབྲུ་དང་མཛོད་དུ་འཇུག་པའི་ཆོ་ག་བཤད་པར་བྱ་སྟེ།དང་པོ་རོ་ཤིག་མཛོད་ཀྱི་སྒོ་གཡས་གཡོན་དུ་འབྱུང་པོ་གཉིས་གཅེར་བུ
167a2 གསུམ་པ་འཕྱང་བ།དབང་པོ་འཕྱང་བ།གཡོན་པའི་ལག་ན་འདྲེའི་སྣོད་གཟུང་ཞིང་འབྲུ་སྐྱུག་བཞིན་པ།གསེར་གྱི་མདོག།རྒྱན་ཐམས་ཅད་ཀྱིས་རྒྱན་པ་གཉིས་བྲི་བར་བྱའོ།།མཛོད
167a3 ཀྱི་ཁང་པར་ཡང་དྲི་དང་།བྷྱ་བ་དང་།མཆོད་ཡོན་སྦྱིན་ཞིང་།གདུགས་དང་།རྒྱལ་མཚན་དང་།བ་དན་ལ་སོགས་པས་བཅོམ་ལྡན་འདས་མའི་ཐང་ཀའི་མཛོད་ཀྱི་ནང་དུ་གཞུག
167a4 པར་བྱའོ།།དེ་ནས་འོ་མའི་ཆུ་རྒྱུན་གཏོར་བཞིན་པའི་སྔོགས་པས་འགྲོ་བར་བྱ་ཞིང་།དེའི་རྒྱབ་ནས་དེ་ནས་བྲི་བར་ཁྱིམ་དུ་གཞུག་པར་བྱའོ།།དེའི་རྗེས་ལ་འབྲུའི་མཛད་ཁང་དུ
167a5 ཕྱག་རྒྱ་བཞག་པར་བྱའོ།།དེ་ནས་མཛོད་ཀྱི་ཁང་དའི་དུ་དགེ་འདུན་གྱི་སྟོན་མོ་བྱས་ལ་དྲི་དང་།མེ་ཏོག་དང་བདུག་པོ་ལ་སོགས་པས་མཆོད་དོ།།ནོར་རྒྱུན་མིའི་གཟུངས་རྟོགས་པ
167a6 བཀླག་པར་བྱའོ།།གཏོར་མ་རྒྱ་ཆེན་པོ་བྱས་ལ་ཐུང་ཀའི་མདུན་དུ་དྲི་ནས་སྐྱེས་བུསོ་འབྲུ་ཕྱིར་འབྱིན་པར་བྱེད་དེ།དེ་ནས་བཅོམ་ལྡན་འདས་མ་དང་འདྲ་བར་བ་སམ་ལ་གུ་རཾ་གུམ་གྱི་གློག
167a7 ལ་སྔགས་བྲིས་ལ།སྤྱི་བོར་བཅིངས་ལ་ཁ་གོས་ཀྱི་བཀབ་ལ་ཉི་མ་རེ་རེ་ཞིང་འབྲུ་ཕྱིར་དབྱུང་བར་བྱའོ།།མཛོད་ཁང་གི་སྒོ་རུ་ཉིན་རེ་ནོར་རྒྱུན་མ་ཞེས་བྱ་བའི་གཟུངས་ཀྱི་མདོ
iiif viewer powered by OpenSeadragon
165b - 167b