| | e-texts navigator
|
165b1 མདུན་དུ་འགྲོ་ཞིང་སྔགས་དའི་ནི་ཞིང་རྨོར་འགྲོ་བར་བྱའོ།།བྱིས་ས་བྱོན་འདེབས་པའི་དུས་སུ་ཆོག་འདིས་བརྒྱད་བརྒྱ་བསྔགས་ལ་ས་བོན་སྦར་པ་གང་བ་ལན་བདུན་བཟླས་ཏེ།ཞིང་ལ་གཏོར
165b2 བར་བྱའོ།།ས་བོན་གདབ་དེའི་ཆོ་གའོ།།དྲི་ནི་ཞིང་རྔ་བའི་དུས་སུ་ཡང་ཆོ་ག་འདིས་བྱའོ།།ཚྭ་ག་ལྷག་པོ་ནི་འདིར་དགེ་སློང་བྱ་ཞི་ལ་ཞིང་གི་མཚམས་བཞིར་ཅི་འདོད་ཀྱི་སྟོན་མོ་བྱས་ཏེ།དེ་ནས
165b3 སྔགས་པས་ཆང་བ་བདུན་བཟླས་པ་བྱེད་ཅིང་།རྔ་བ་ནི་ལོ་ཏོག་རྩ་བ་བྱ་བའི་ཆོ་གའོ།།ད་ནི་གཡུལ་འཆག་པ་བྱ་བའི་ཆོ་ག་བཤད་པར་བྱ་སྟེ།གཡུལ་འཆག་པའི་དུས་སུ་སྔགས་པས
165b4 རང་ཉིད་གཙང་སྦྲ་བྱས་ལ་གོས་གཙད་མགོན་ལ་ཤར་དུ་ཞལ་བསྟན་ཏོ།སྐུ་གཟུགས་བཞུགསུ་གསོལ་ལ་དྲི་དང་མེ་ཏོག་དང་།བདུག་པ་དང་།ཡང་ན་ཉེ་བར་ལོངས་སྤྱོད་པའི་གཏོར་མ
165b5 བྱས་ལ་བཟླས་པ་བྱས་ཏེ།འབྲུའི་ཕུང་པོ་མཚམས་བཞིར་གཞོན་ནུ་མ་གསར་དུ་བག་མ་བྱས་ཤིང་ཁྱོ་ཡོད་པའི་བུད་མེད་བཞི་ལ་སྟོན་མོ་བྱས་ལ།དེ་རྙེད་ཀྱི་མཐར་ཟད་པ་མེད་པར་གནསོ།།
165b6 དེ་ནས་སྐྱེས་བུས་འབྲུ་འདྲལ་ཞིང་གྲངས་བྱེད་པའི་དཔྲལ་བ་ལ་སྔགས་དགོད་པར་བྱའོ།།བཅོམ་ལྡན་འདས་མའི་སྔགས་དེ་སྲེད་དུ་སྨཻ་བཅད་བྱས་ལ་བཟླས་པ་བྱའོ།།ཇི་སྙེད་དུ་སྔོ་ལ་བལྟས
165b7 ན་གཉིས་འགྱུར་དུ་འགྲོ་བར་འགྱུར།།དེ་སྙེད་འདས་པ་བྱའོ།།དེ་ནས་འབྲུའི་ལྷག་མ་དེ་མི་འཇལ་བར་འཆིངས་པའི་མི་ལེ་སོགས་པ་བོས་ཤིང་སྦྱིན་པ་འམ།དགེ་འདུན་ལ་སྦྱིན་པར་བྱའོ།།
iiif viewer powered by OpenSeadragon
165a - 167a