| | e-texts navigator
|
165a1 །བྱས་ཏྭ།སྟེང་དུ་བཅོམ་ལྡན་འདས་བྲི།གཡ་སུ་འཕགས་པ་སྤྱན་རས་གཟིགས་བྱ།གཡོན་དུ་རྡོ་རྗེ་འཆང་བྱ།བཅོམ་ལྡན་འདས་ཀྱི་འོག་ཐུང་ཀའི་དབུསུ
165a2 བཅོམ་ལྡན་འདས་མ་བྲི་སྟེ།གསེར་གྱི་མདོག་ཅན།རྒྱན་ཐམས་ཅད་ཀྱིས་བརྒྱན་པ།གོས་སྲབ་མོའི་ཤམ་ཀག་བནབས་པ།དེ་བཞིན་དུ་གོས་སྲབ་མོའི་སྟོད་གཡོགས་ཅན།ཁ
165a3 དོག་སྣ་ཚོགས་ཀྱི་ཤམ་ཐབས་དང་ལྡན་པའོ།།དེ་ནས་འོག་ཕྱོགསུ་སྒྲུབ་པ་པོ་ལག་ན་མཆོད་པའི་ཆོག་བྱའོ།།དེ་ནས་སྒྲུབ་པ་པོས་གཙང་སྒྲ་བྱས་གོས་གཙང་མགྱོན་ཏེ་གསོ་སྦྱོང
165a4 ཡན་ལག་བརྒྱད་བྱའོ།།དེའི་མདུན་དུ་བསྙེན་པ་འབུམ་ཕྲག་གཅིག་བྱིས་ལ་ཇི་ལྟར་འབྱོར་པས་མཆོད་པའི་ཆོ་ག་བྱའོ།།དེ་ནས་སྒྲུབ་པ་པོ་དང་ལྡན་པས་སྨྱུང་བ་བྱས་ཏེ།ཞིང་གི།
165a5 དབུས་སུ་ཐང་སྐུ་བཞུགས་གསོལ་ཏེ།དྲི་དང་མེ་ཏོག་དང་བདུག་པ་དང་།ཉེ་བར་ལོངས་སྤྱོད་པའི་གཏོར་མ་བྱས་ལ་བརྒྱད་བརྒྱ་བཟླས་པར་བྱའོ།།ཐང་ཀའི་འོག་ཏུ་ལན་བརྒྱ་རྩ་གཅིག
165a6 གིས་སྔགས་བྱིས་པའི་བུམ་པ་ཆུས་ཡོངསུ་གྲང་བ་བཞག་པར་བྱའོ།།བུམ་པའི་ཆུས་གཽ་ཏོར་མ་བཏང་ཞིང་།གླང་བུ་དང་།ཐོང་འཛིན་གཉིས་ལ་གཏོར་བྱའོ།།གླང་བུའི་མགུལ།།
165a7 པ་དང་།ཐོང་འཛིན་གྱི་མགུལ་པར་མེ་ཏོག་གི་ཕྲེང་བ་གདགས་པར་བྱའོ།།དེ་རྣམས་ཀྱི་མདུན་དུ་སྔགས་པས་ཆུའི་རྒྱུན་ཞིང་ལ་ལན་གཡས་ལོག་སུ་བསྐོར་བར་བྱ་བ་ནི་སྔགས་པས
iiif viewer powered by OpenSeadragon
164b - 165b