| | e-texts navigator
|
164b1 ཚིག་གི་ཕྱག་རྒྱ་ནི་སོར་མོ་རྣམས་ཐལ་མོ་སྦྱར་ལ་མཐེབ་ཆེན་དབུས་སུ་བཅུག་པ་ནི་བཅོམ་ལྡན་འདས་མའི་དམ་ཚིག་གི་ཕྱག་རྒྱའོ།།ོཾ་སཱ་མ་ཡེ།ས་མེ་ས་མ་ཡ་ཀ་རི།མ་ཧཱ་ས་མ་ཡེ་སྭཱ
164b2 དམ་ཚིག་གི་ཕྱག་རྒྱ་དང་སྔགསོ།།ཕྱ་ནྱ་དེ་ཉིད་ལ་གུང་མོ་དང་སྡིགས་མཛུབ་ཀྱི་ཚིག་གསུམ་པ་སྐུལ་ཞིང་མཐེབ་ཆུང་གི་ཉིས་ཅུང་ཟད་ཕྱིར་ཕྱུང་བ་ནི་བཅོམ་ལྡན་འདས་མའི་ཕྱག་རྒྱའོ།།འདི
164b3 དབབ་པ་དང་།བསྔོ་བ་དང་།བསྒྲུབ་བྱའི་སྔགས་ཀྱིས་བྱེའོ།།ཕྱག་རྒྱུ་དེ་ཉིད་ལ་བསྡིགས་མཛུབ་གཉིས་བརྐྱང་བ་ནི་མེ་ཏོག་གི་ཕྱག་རྒྱ་ཡིན་ཏེ།ོཾ་བཱ་སུ་དྷྭེ་སྭཱ་ཧཱ།མེ་ཏོག་གི་ཕྱག་རྒྱད་ཉིད།།
164b4 ལས་གུང་མོ་བརྐྱང་བ་ནི་བདུག་སྤྲོས་ཀྱི་ཕྱག་རྒྱ་ཡིན་ཏེ།སྔགས་ནི་ཨོཾ་བཱ་སུ་དྷ་རེ་སྭཱ་ཧཱ།ཕྱག་རྒྱ་འདི་ཉིད་ལི་མང་མེད་བརྐྱང་བའི་ཕྱག་རྒྱ་ཡིན་ཏེ།སྔགས་ནི་ཨོཾ་བཱི་སུ་དྷ་མོ་ཏི་ཤྲི་ཡ~ཾ་སྭཱཧཱ།ཕྱག
164b5 རྒྱ་འདི་ཉིད་ལ་མཐེའུ་ཆུང་གི་སེན་མོ་མཐེ་བོ་ཆེན་གྱིས་བཀབ་སྟེ།སོར་མོ་གཞན་རྣམས་ནི་རྡོ་རྗེའི་མཚན་ཉིད་དུ་བྱས་པ་ནི་མོར་མེའི་ཕྱག་རྒྱ་སྟེ།སྔགས་ནེ་ཨོཾ་བཱ་སུ་དྷ་ར་ཎི་སྭཱ་ཧཱ།སེན་མོ་གན
164b6 རྒྱལ་དུ་བྱས་ལ་མཐེ་བོང་གཉིས་ལོགསུ་སྦྱར་བ་ནི་གཏོར་མའི་ཕྱག་རྒྱ་སྟེ།སྔགས་ནི་ཨོཾ་བཱ་སུ་དྷ་རེ་ནེ་སྭཱཧཱ།ལྷག་མ་ཉེ་བར་སྤྱོད་པ་ཉི་ཤུ་རྩ་བའི་སྔགས་ཀྱིས་ཐུན་མོང་གི་ཕྱག་རྒྱའམ།
164b7 སྔགས་ཀྱིས་བསྒྲུབ་པར་བྱའོ།།བཅོམ་ལྡན་འདས་མའི་ཐང་ཀིའི་ཆོ་ག་ནི་ཉམས་པ་མེད་ཅིང་།སྐྲའི་ཉམས་པ་མེད་པ་སྐུད་པ་མ་ཆད་པའི་ཞེང་དུ་མཐོ་གང་གི་ཆེད་ཉིད་ལ་རིང་དུ་མཐོ
iiif viewer powered by OpenSeadragon
164a - 165a