| | e-texts navigator
|
163b1 ཅིང་ཁང་པ་གང་བར་འགྱུརརོ།།ཡང་ན་མཚན་མོ་ཕྱེད་ན་ཆུའི་ནང་དུ་ཞུགས་ལ་བརྒྱད་བརྒྱ་བཟླས་པར་བྱའོ།།ཟླ་གཅིག་ཏུ་གཅིག་གི་སྦྱོར་བས་ནོར་གྱིས་རྒྱུན་འབབ་པར་འགྱུར་ཏེ།།མི་ཤེས
163b2 པར་ཁ་ཅིག་འཕེལ་བར་འགྱུརརོ།།ཡང་ན་རྒྱལ་པོའི་སྐོར་མངོན་པོར་འདོད་ན་ཉིན་མོ་ཆུའི་ནང་དུ་བཟླས་པ་བྱ་ཞིང་།མཚན་མོའི་ཕྱེད་ན་ཏིལ་གྱིས་སྦྱིན་སྲེག་བརྒྱད་བརྒྱ་བྱས་ན་རྒྱལ་རིགས
163b3 ལས་སྙེད་པ་ཆེན་པོ་ཐོབ་བོ།།ཡུངས་ཀར་མར་ལ་བསྲེས་ནས་སྦྱིན་སྲེག་བྱས་ན་རྒྱལ་པོ་དང་དུ་བྱེད།།ཀུན་ཏུ་རའི་སྦྱིན་སྲེག་བྱས་ན་རྒྱལ་པོའི་བློན་པོ་དབང་དུ་བྱེད།།ཁ་ཅིག་གིས་ནི
163b4 སྦྱོར་བ་གང་གིས་མཚན་མོ་བཅོམ་ལྡན་འདས་པདྨའི་གདན་ཅནོ་དྲན་པར་བྱས་ན་སྦྱིན་བདག་ཆེན་པོར་འགྱུར།།ཡང་ནི་སྒྲུབ་ཐབས་ཆེན་པོ་བཤད་པར་བྱ་སྟེ།ཆོ་འཕྲུལ་གྱི་དཀར་པོའི
163b5 ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ཏེ།ཟས་ཅི་སྲིད་དུ་བཅད་ནས་གདུང་དང་བཅས་པའི་མཆོད་རྟེན་གྱི་དྲུང་ན་ཐང་ཀ་ནུབ་ཕྱོགསུ་བསྟན་ལ་དགྲམ་ཞིང་།ཉིན་མོ་ཤེས་རབ་ཀྱི་ཕ་རོལ
163b6 ཧཱུ~ཾ་ཕྱིན་པ་ཀླག་ཅིང་།མཚན་མོ་སྟན་ཅིག་ལ་གནས་པས།ནུབ་ཡལ་གྱིས་བཟླས་པ་བྱས་ན་ནོར་གྱི་ཕུང་པོ་ཆེན་པོ་རྙེད་དོ།མཐོར་གནོད་བྱས་ཀྱང་མཛད་པར་མི་འགྱུར་ཏེ།ལྷ་ཁང་ཆེན
163b7 འོ་བྱའོ།།ཆོ་ག་འདིའི་ཆོ་འཕྲུལ་གྱི་དཀར་པོའི་ཕྱོགས་ལ་བཟླས་པ་བྱས་ན་འཁོར་ལོས་བསྒྱུར་བ་འཐོབ་ཅིང་།བཅོམ་ལྡན་འདས་མ་ནོར་རྒྱུན་མ་དངོསུ་མཐོང་ཞིང་ཕྱིར་མི་ལྡོག་པའི་བྱང
iiif viewer powered by OpenSeadragon
163a - 164a