| | e-texts navigator
|
163a1 སྔ་བར་ལངས་ཏེ།ཆུར་ཁྲུ་བདུན།།ཞོང་དུ་ཁྲུ་གསུམ་སྟེ།ཁྲུ་བཅུ་དང་བཅས་བྱ་ལ་ཚོན་སྣ་མ་ལུས་པ་གསོ་སྦྱོང་དང་ལྡན་པའི་ལྟ་བཟོས་བཅོམ་ལྡན་འདས་མ་རྒྱ།
163a2 ལྗང་སེར་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ།ཕྱག་གཡས་པ་ན་འབྲས་བུ་ཆེན་པོ་བསྣམས་པ།ཕྱག་གཡོན་པ་ན་སྒྲིབ་པ་པོ་རྣམས་ལ་སྟེར་བའི་རིན་པོ་ཆེའི་ཟ་མ་གཏོག་མུ་ཏིག་དང་།རྡོ་རྗེ
163a3 ཕ་ལམ་དང་།པྲེ་ཌཱུརྱའི་འབྲས་བུ་ཅན་བསྣམས་པའི་ཕྱག་དང་ལྡན་པར་བྱའོ།།སྟེང་དུ་ལྷའི་བུ་རིན་པོ་ཆེ་ཆེར་མངོན་དུ་འབེབས་བཞིན་པ་བྱའོ།།གཡས་ལོགསུ་དཔལ་ཆེན་མོ་པདྨ
163a4 ཕྱག་ཅན་སྒྲུབ་པ་པོ་ལ་ཉེ་བར་དགོངས་པ་ལ་གནས་བནོན་པ་བྱའོ།།གཡོན་ལོག་སུ་པདྨའི་དཔ་ལ་རིན་པོ་ཆེའི་སྙིམ་པ་གང་བ་བྱའོ།།འོག་ཏུ་སྒྲུབ་པ་པོ་པདྨའི་ལག་པ་ཅན་བྱའོ།།
163a5 ནས་ཐང་སྤྱི་བུ་གདུང་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་ནུབ་ཕྱོགསུ་ཁ་བསྟན་ལྀ་བཀྲྀམ་སྟེ།དེ་ནས་ཉེ་བར་སྤྱོད་འབྲི་གཏོ་རོ་མ་མ་གཏོགས་པ་མཛོད་ཀྱི་བཞེས་པ་ཡང་དོབུལ་ཞིང
163a6 དྲ་ཞིམ་ཐོའི་མེ་ཏོག་གིས་མཆོད་པ་ཆེན་པོ་བྱས་ལ་ཅན་ད་ན་དང་ཨ་ག་རུའི་བདུག་པས་བསྲེག་པར་བྱའོ།།ཞུ་མོར་གྱི་མར་མེ་བརྒྱ་འབུལ་བར་བྱའོ།།དེ་ནས་སྟན་གཅིག་ལ་གནྡ
163a7 ལ་བཅོམ་ལྡན་འདས་མའི་ཞལ་ལ་དམིགས་ལ་ནུབ་མོ་མཚན་བཟླས་པ་བྱས་ན།དེ་ནས་སྐྱ་རེངས་ཤར་བ་འདུས་སུ་སྐྱེས་བུ་ཆེན་པོ་ཙམ་གྱི་ནོར་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱུན་འབའི
iiif viewer powered by OpenSeadragon
162b - 163b