e-texts navigator
Collection
Volume
Page
Wylie

161a1 ཀུན་དགའ་བ་ཁྱད་སོང་ལ་ཁྱིམ་བདག་ཟླ་བ་བཟང་བའི་ཁྱིམ་ནོར་དང་།འབྲུས་ཡོངསུ་གང་བ་ཕུན་སུམ་ཚོགས་པ་དང་།མཛད་ཆེན་པོ་དང་།བང་མཛད་ཡངསུ་གང་།
161a2 བ་རྣམས་ལ་ལྟོས།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས།བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས།ཀོའུ་ཤམ་དྲིའི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང་།ཁྱིམ་བདག་ཟླ་བ་བཟང་པོའི་ཁྱིམ་ག་ལ།།
161a3 བ་དེར་སོང་སྟེ་ཕྱིན་ནས་ནང་དུ་ཞུགས་པ་དང་།ནོར་དང་།འབྲུས་ཡོངསུ་གང་བ་ཕུན་སུམ་ཚོགས་པ་དང་།རིན་པོ་ཆེ་ཕུན་སུམ་ཚོགས་པ་དང་།ཡོ་བྱད་ཐམས་ཅད་ཀྱི་མཆོད་པ་ཆེན
161a4 པོ་དང་།དང་མཛོད་རྣམས་ཀྱང་ཡོངསུ་གང་བར་མཐོང་ངོ་།།མཐོང་ནས་ཀྱང་ཆེམ་ཞིང་དགའ་ལ་མགུ་ཡི་རངས་ཏེ།རབ་ཏུ་དགའ་ནས་དགའ་བ་དང་།ཡོད་བདེ་བ་སྐྱེས་ཏེ།བཅྡོཾས་ག
161a5 ལ་བ་དེར་སོང་ངོ་།།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཡ་མཚན་དུ་འཛིན་ཅིང་དགའ་བ་དང་།ཡིད་བདེ་བ་སྐྱེས་ནས།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ
161a6 ལྡན་འདས་གང་གིས་ཁྱིམ་བདག་ཟླ་བ་བཟང་པོ་ནར་མང་ཞིང་མཛོད་ཆེན་པོ་དང་།བང་མཛོད་རྣམས་ཀྱང་ནོར་དང་།འབྲུ་ཕུན་སུམ་ཚོགས་པའི་རྒྱུ་གང་ལགས།རྐྱེན་གང་ལགས།བཅྡོཾས
161a7 ཀྱིས་བཀའ་སྩལ་པ།ཀུན་དགའ་བོ།།རིགས་ཀྱི་བུ་ཁྱིམ་བདག་ཟླ་བ་བཟང་པོ་དད་ཅིང་མཆོག་ཏུ་དད་ལ།དགེ་བའི་བསམ་པ་ཅན་དེས།ནོར་གྱི་རྒྱུན་གྱི་གཟུངས་འདི་བཟུང་ཞིང




iiif viewer powered by OpenSeadragon

160b - 161b

Texts on this page

N599 - 'phags pa nor gyi rgyun zhes bya ba'i gzungs