e-texts navigator
Collection
Volume
Page
Wylie

160b1 དང་གནོད་པ་ཐམས་ཅད་ཀྱང་མེད་པར་འགྱུརརོ།།རིགས་ཀྱི་བུ་ཁྱོད་དྲིའི་ཕྱིར་ཁྱོད་རབ་ཏུ་བསྒྲིམས་ལ་ནོར་གྱི་རྒྱུན་གྱི་གཟུངས་འདི་ཟུང་ཤིག།ཆོངས་ཤོག།ལྷོགས་ཤིག།སྟོན་ཅིག།གཞན་དག
160b2 ལ་ཡང་རྒྱ་ཚར་ཡང་དག་པར་རབ་ཏུ་སྟོན་ཅིག་དང་།དེས་ཁྱོད་ཀྱི་ཡུན་རིང་པོའི་དོན་དང་།ཕན་པ་དང་།བདེ་བར་འགྱུར་རོ།།བཅོམ་ལྡན་འདས་ལེག་སོ་ཞེས་གསོལ་ཏེ།ཁྱིམ་བདག་ཟླ་བ
160b3 བཟང་པོས།བཅོམ་ལྡན་འདས་ལས་ནོར་གྱི་རྒྱུན་གྱི་གཟུངས་འདི་ཐོས་ནས་ཚིམ་ཞིང་།དགའ་ལ་མགུ་ཞིང་ཡི་རངས་ཏེ།རབ་ཏུ་དགའ་ནས།དགའ་བ་དང་།ཡིད་བདེ་བ་སྐྱོས་ཏེ།བཅྡོཾས
160b4 ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བདག་གིས་ནོར་གྱི་རྒྱུན་ཅེས་བགྱི་བ་བླངས་ལགས་གཟུངསུ་ཟི་ནོ་ལགས།གཟུང
160b5 ལགས།བཀླགས་ལགས།ཀུན་ཆུབ་པར་བགྱིས་ལགས།རྗེ་སུ་ཡི་རངས་པར་བགྱིས་ལགསོ།།གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བགྱིས་ལགསོ།།དེའི
160b6 སྐད་ཅིག་ཙམ་ལ་ཁྱིམ་བདག་ཟླ་བ་བཟང་པོའི་བང་མཛོད་རྣམས་ཡོངསུ་གང་བར་གྱུར་ཏོ།།དེ་ནས་ཁྱིམ་བདག་ཟླ་བ་བཟང་པོས།བཅོམ་ལྡན་འདས་ལཾ་ལན་འབུམ་ཕྲག་དུ་མར་བསྐོར
160b7 བ་བྱ་སྟེ།བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས།བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་།།དེ་ནས་བཅོམ་ལྡན་འདས་ཀྱིས་ཚ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ




iiif viewer powered by OpenSeadragon

160a - 161a

Texts on this page

N599 - 'phags pa nor gyi rgyun zhes bya ba'i gzungs