| | e-texts navigator
|
157a1 དེ་ལ་ལོ་དགུའི་བར་དུ།འཆི་བའི་འཇིགས་པ་མེད་པར་འགྱུ་རོ།།གཟའི་འཇིགས་པ་དང་།སྐར་མདའ་ལྟུང་བ་དང་།ཟླ་བ་དང་།རྒྱུ་སྐར་གྱི་གནོད་པས
157a2 འཇིགས་པར་མི་འགྱུར་རོ།།ཚེ་རབས་དྲན་པར་འགྱུར།གཟའ་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར།གཟའ་ཐམས་ཅད་ཀྱིས་ཅི་འདོད་པ་སྦྱིན་པར་བྱེད་དོ།།དེ་ནས་བཅྡོཾས
157a3 ལ་གཟའ་རྣམས་ཀྱིས་ཕྱག་འཚལ་ཏེ།ལེགསོ་ལེགསོ་ཞེས་གསོལ་ནས་མི་སྣང་བར་གྱུར་ཏོ།།གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་རྫོགས་སོ།།།
157a4 རྒྱ་གར་སྐད་དུ།ཱུརྱ་བ་སུ་དྷ་ར་ནཱ་མ་དྷཱ་ར་ཎི།བོད་སྐད་དུ།འཕགས་པ་ནོར་གྱི་རྒྱུན་ཞེས་བྱ་བའི་གཟུངས།སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ
157a5 ཕྱག་འཚལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་ཀོའུ་ཤམ་བྱི་ན།ཚེར་མ་ཅན་ཞེས་བྱ་བོའི་ནགས་ཚོན་པོ་ན།དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ
157a6 སློང་གི་དགེ་འདུན་ཆེན་པོ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པ།རབ་ཏུ་མང་པོ་དང་།ཐབས་གཅིག་ཏུ་བཞུག་སྟེ།
157a7 དེའི་ཚེ་ཀོའུ་ཤམ་པའི་གྲོང་ཁྱེར་ཆེན་པོ་ན།ཁྱིམ་བདག་ཟླ་བ་བཟང་པོ་ཞེས་བྱ་བ།དབང་པོ་ཉེ་བར་ཞི་བ།ཡིད་ཉེ་བར་ཞི་བ།བུ་ཕོ་དང་།བུ་མོ་མང་བ་བཟའ་མི་མང་པོ་དང
iiif viewer powered by OpenSeadragon
156b - 157b