| | e-texts navigator
|
149b1 བྷཱ་པ་ཤཱི་ཏི་བ་སུ་པུཥྚོ་ཀུ་རུ་སྭཱ་ཧཱ།ོཾ་ཡ་བྷཱུ་ཏ་བིན་དུ་ཀྵུ་བྷྲི་ཏ་ཙིཏྟ་མ་ཧཱ་ས་མཱ་གཙྪ་ཏི།མ་ཧཱ་བྷ་ཡ།མཧཱ་པ་ལ།མཧཱ་པ་རཱ་ཀྲ་མ་མཧཱ་ཏཱསྟུ།མ་ཧཱ་དཀྵི་ཎཱ་ཡཱ།བྱཱ་བྷོ་དེ་དཱ་མ་སྭཱ་ཧྨ།ཏདྱ་ཐཱ།
149b2 ཨོཾ་ཀུ་རུ་ཀུ་རུ།ཙུ་རུ་ཙུ་ཨོཾ་ཏྟཱ་རུ་ཏུ་རུ་སྱཱཏྨ།ོཾ་གཽཿགཿགཿགཿགཿགྲྀཿགཿག.ོཾ་ན་མོ་ན་མ~ཾ་སྭཱཧཱ།ཀུན་དགའ་བོ་རིགས་ཀྱི་བུའམ།རིགས་ཀྱི་བུ་མི་འམ།དགེ་སློང་།
149b3 དགེ་སློང་མ་འམ།དགེ་བསྟེན་ནམ།དགེ་བསྙེན་མ་གང་ལ་ལ་ཞིག་ཚོགས་ཀྱི་བདག་པོ།ཚོགས་ཀྱི་དབང་ཕྱུག་གོ་སྙིང་པོ་འདི་རྩོམ་ཞིང་།གསང་སྔགས་བསྒྲུབས་པས།དཀོན་མཆོག
149b4 གསུམ་མཆོད་དུ་ཡུལ་གཞན་དུ་འགྲོ་འམ།རྒྱལ་པོའི་ཕོ་བྲང་འཁོར་དུ་འཇུག་ན།སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མེ་ཏོག་དང་།བདུག་པས་མཆོད་པ་བྱས་ཏེ།ཚོགས་ཀྱི
149b5 བདག་པོའི་སྙིང་པོ་འདི་བཀླགས་ན།ལས་ཐམས་ཅད་འགྲུབ་གྱིས།འདི་ལ་ཐེ་ཙོམ་མ་ཟ་ཞིག།འཐབ་པ་དང་།རྩོད་པ་དང་།ཁྲག་འཁྲུག་དང་།ཡུལ་འཁྲུག་པ་ཐམས་ཅད་ཀྱི་ནང་དུ
149b6 ཡང་དྲན་པར་བྱས་ན།ཐམས་ཅད་རབ་ཏུ་ཞི་བར་འགྱུརརོ།།ཉོན་ཅིག་བཞིན་དུ་ནང་པར་ལངས་ནས།ཚིག་ཏུ་བཏོན་ན།ཐོས་པ་འཛིན་པར་འགྱུརརོ།།གནོད་སྦྱིན་དང་།སྲིན་པོ་དང་།
149b7 མང་འགྲོ་མ་ཐམས་ཅད་ཀྱིས་མདངས་འཕྲོག་པར་མི་འགྱུར་ཞིང་།ཐག་རིང་པོར་ཡོངསུ་སྤོང་བར་འགྱུར།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།ཐིདང་ལྡན་པའི་ཁོར
iiif viewer powered by OpenSeadragon
149a - 150a