| | e-texts navigator
|
138a1 མཆོག་རྒྱས་པར་འགྱུརརོ།།དེ་ནས་ཆོས་སྨྲ་བ་གཙང་ཞིང་གོས་གཙང་མ་བགོས་པས་རླུང་གྲོ་དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་བཀླག་པཱར་བྱའོ།།དེ་ནས་ཀླུ
138a2 རྣམས་དང་པོའི་ཉིན་མོ་ནས་བརྩམས་ཏེ།དི་རི་རིར་སྒྲ་སྒྲོགས་པར་བྱེད་ཅིང་།སྒྲ་ཡོད་དུ་འོང་བ་དགའབྱིན་པར་འགྱུར་ཏེ།ལེའུ་འདི་ལ་ཐེ་ཙོམ་དང་བརྙས་པར་མི་བྱའོ།།གལ་ཏེ་རྒྱུ
138a3 མཚོ་དུས་ཆོད་ལས་ཡོལ་ན།འདི་ཡང་ཆར་ལས་མོལ་བར་འགྱུར་རོ།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དངུལ་གྱི
138a4 སྙིང་པོའི་རྩེགས་པ་རྣམ་པར་བསྒྲགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྔ་སྒྲ་སྒྲོགས
138a5 ལ་བྱུག་འཚལོ།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དགེ་པར་རྫོགས་པའི་སངས་རྒྱས་སྦྱིན་གདལ་ལ་ཕྱག་འཚལོ།།བཅོམ་ལྡན་འདས་དེ་བཞིན
138a6 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྲུག་བསྒྲགས་ལ་ཕྱག་འཚ་ལོ།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྟོག
138a7 པའི་སངས་རྒྱས་སྤྲིན་ཀུན་ཏུ་སྟོན་ལ་ཕྱག་འཚལོ།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་འཛག་ལ་ཕྱག་འཚའོ།།
iiif viewer powered by OpenSeadragon
137b - 138b