e-texts navigator
Collection
Volume
Page
Wylie

137b1 སྭཱཧཱ།ན་མ་རཏྣ་ཏྲ་ཡཱ་ཡ།ན་མཤྩཎྜ་བཛྲ་པཱ་ཎ་ཡཱཾ།བཱན་དྷ་བན་དྷྱ།སུ་རུ་བོ།ཀཱ་ལ་རཱུ་བི་ཎི་སྭཱཏྨ།ཆོས་སྨྲ་བས་ཐོག་མ་ཁོ་ནར་སྲུང་བའི་ཆོ་ག་བྱས་ལ།ཆོས་གོས་ཀྱི་གྲཝར་ལན་བདུན
137b2 བཟླས་བརྗོད་ཕྱིས་ཏེ།མདུད་པ་བོ་རཱ་ནས།རླུང་གི་དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་འདི།ཞག་ཉི་ཤུ་རྩ་གཅིག་གི་བར་དུ།རྒྱུན་མ་ཆད་པར་བཀླག་པར
137b3 བྱའོ།།ཤེར་ཕྱོགསུ་ནི་བ་ལང་གི་ལྕི་བས་ཀླུའི་རྒྱལ་པོ་མགོ་གསུམ་པ་ཞེས་བྱ་བ་འཁོར་དང་བཅས་ཏེ་བྲི་བར་བྱའོ།།ལྷོ་ཕྱོགསུ་ནི་ཀླུའི་རྒྱལ་པོ་རབ་ཏུ་རྒྱས་བྱེད་ཅེས་བྱ་བ་མགོ་ལྔ་པ
137b4 འཁོར་དང་བཅྡོཾས་ཏེ་བྲི་བར་བྱའོ།།ནུབ་ཕྱོགསུ་ནི་ཀླུའི་རྒྱལ་པོ་སྣང་ལྡན་གཙུག་བུད་ཅན་ཞེས་བྱ་བ།མགོ་བདུན་པ་འཁོར་དང་བཅས་ཏེ་བྲི་བར་བྱའོ།།བྱང་ཕྱོགསུ་ནི་ཀླུའི་རྒྱལ་པོ
137b5 སྤྲིན་བསྐུལ་ཞེས་བྱ་བ།མགོ་དགུ་པ་འཁོར་དང་བཅས་ཏེ་བྲི་བར་བྱའོ།།བླ་རེ་དང་གེས་སྔོན་པོ་དང་།རྒྱལ་མཚན་སྔོན་པོ་དང་།ལྷ་བ་ཤོས་ཐམས་ཅད་ཀྱང་སྔོན་པར་བྱའོ།།ཀླུ
137b6 ཐམས་ཅད་ལ་དབབ་པ་ནི་མངར་གསུམ་གྱིས་བྱའོ།།མངར་གསུམ་གྱི་དགང་བླུགས་བདུན་ཡང་།ཀླུའི་སྙིང་པོས་སྦྱིན་བསྲེག་བྱའོ།།སྤྲིན་གྱི་རྒྱལ་པོ་རྣམས་ཀྱང་བྲིས་ཏེ།ཆར
137b7 གྱི་རྒྱུན་འབེབས་ཏེ་ཕན་ཚུན་ཐུག་ཅིང་མཐར་ཀློག་འགྱུ་བར་བྱའོ།།འདོར་དབབ་པོ་ནི་ཁུར་བ་བཀྲ་ཤིས་ལྡན་དང་།བོན་ཙི་དང་།ཤ་དང་།ཉ་ཤ་དང་།སྦྲང་རྩི་ལས་བྱས་པའི་ཟས




iiif viewer powered by OpenSeadragon

137a - 138a

Texts on this page

N593 - 'phags pa sprin chen po rlung gi dkyil 'khor gyi le'u klu thams cad kyi snying po zhes bya ba theg pa chen po'i mdo