| | e-texts navigator
|
134b1 མཚོའི་སྤྲིན་དག་དང་།རིན་པོ་ཆུ་སྣ་ཚོགས་ཀྱི་ལྷའི་བླ་རེའི་དྲིལ་བུའི་སྒྲ་སྙན་པ་སྒྲེགས་པ་རྒྱ་མཚོའི་སྤྲིན་རྣམས་དང་།བྱའི་ཚོགས་ཐམས་ཅད་སྐད་འབྱིན་ཅིང་མེ་ཏོག་གི་ཚོར་ཆེན་པོ་རབ་ཏུ
134b2 འབེབས་པ་རྒྱ་མཚོ་ཆེན་པོའི་སྤྲིན་དིག་དང་།རྒྱ་མཚོ་སྤྲིན་ཆེན་པོ་སྒྲོ་ཚོར་སྒྲོགས་ཤིང་།ལྷའི་རིན་པོ་ཆེ་རབ་ཏུ་འཕྱང་ལ།མུ་ཏིག་གི་ལྡ་ལྡི་རྣམ་པོ་སྣ་ཚོགས་རབ་ཏུ་འཕྱང་བ་རྒྱ་མཚོའི
134b3 སྤྲིན་དག་དང་།གསེར་སྐུད་ཀྱིས་རྒྱན་པའི་སྣང་བ་ཆེན་པོ་ཅན་གྱིས་རྩེ་མོས་ན་མཁའི་ཀུན་ཏུ་ཁེབས་པར་བྱེད་པ་རྒྱ་མཚོ་ཆེན་པོའི་སྤྲིན་དགེ་དང་།རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བློའི་འོད་ཀྱི
134b4 དཀྱིལ་འཁོར་གྱིས་ན་མཁའ་ཀུན་ཏུ་ཁེབས་པར་བྱེད་པ་ལ་མཁས་པ་རྒྱ་མཚོའི་སྤྲིན་དག་དང་།སྣང་བ་དང་ལྡན་པའི་རྒྱ་མཚོ་ཆེན་པོའི་སྒྲས་ཀུན་ཏུ་ཁེབས་པའི་རྒྱ་ཆེན་པོའི་སྤྲིན་དག་གྲི།
134b5 ནམཁའ་མངོན་པར་ཁེབས་པར་གྱིས་ཤིག།ཀླུ་དང་ཀླུའི་རྒྱལ་པོ་ཐམས་ཅད་ཚུར་ཤོག།སའི་སྙིང་འདིར་འབྲུག་སྒྲ་སྒྲོགས་ཤིང་ཆར་ཕོབ་ཤིག།ཆར་རབ་ཏུ་ཕོབ་ཤིག།ཆར་ཀུན་ཏུ
134b6 རབ་ཏུ་ཕོབ་ཤིག།དི་རི་རཱིར་སྒྲོགས་ཤིག།ཀློག་ཆེ་ནི་པོ་སྣང་བ་རབ་ཏུ་ཕྱུང་ཤིག།འདུ་ཤིང་ཀུན་ཏུ་འདུལ་ཏོག་ཡང་དང་དིར་ཞིང་འདུག་སྟེ།ཀླུའི་སྐད་ཆེན་པོ་ཡིད་དུ་འོང་བའི་སྒྲ་ཆེན
134b7 པོ་འབྱིན་ཅིང་དབྱངས་ཆེན་པོ་རབ་ཏུ་སྒྲོགས་པ་དག་འཛམ་བུའི་གླིང་དུ་ཆར་རབ་ཏུ་ངོབ་ཤིག།གྷ་ཌགྷཱཎ། ཌ~ཾ་ཪྼ;ྀ་ཌི།ཏུ་ཌུ་དྷ་ཊྚ། ཧཱུ~ཾ་ཉྩ།ག་ཊ་ག་ཊ།གྷི་ཊི་བྷཻ་ཊི།མ་ཊ་མཊ།
iiif viewer powered by OpenSeadragon
134a - 135a