| | e-texts navigator
|
134a1 དག།སངས་རྒྱས་ཀྱི་བདེན་པ་དང་།ཆོས་ཀྱི་བདེན་པ་དང་།དགེ་འདུན་གྱི་བདེན་པ་དྲན་པར་གྱིས་ཤིག།ཀྱེ་ཀླུ་ཆེན་པོ་དག་ཚུར་ཤོག་ཚུར་ཤོག
134a2 འཛམ་བུའི་གླིང་དུ་ཆར་རབ་ཏུ་ཕོབ་ཤིག།གྷུ་ཌུ་གྷུ་ཌུ།མུཪྵཱ་མུཪྵཱ།ཧི་ཧཱི་ཧི་ཧཱི།ཙུཪྵ་ཙུཪྵ།མ་ཧཱ་ན་ག་ཧྲྀ་ད་ཡ།སརྦ་ནཱ་གཱུ་ནཱཾ་ཨཱ་ཀཱཌྷཽ་སཉྩོ་ཡཻ།ཤི་གྲཱནྡ་རེ་སྭཱཧཱ།སྤྲིན
134a3 ཆེན་པོ་རྣམ་པར་འཕྲུལ་པའི་རྒྱན་བཀོད་པ་དགེ།གསེར་རྣམས་ཀྱི་མཐའ་རིན་པོ་ཆེ་ཐམས་ཅད་ཚོན་གྱི་ལྔ་ལྡི་མཛེསྭ་པ་མུ་ཏིག་གི་རྐྱེན་ཕྲེང་རབ་ཏུ་འཕྱང་བ།རྒྱ་མཚོ་ཆེན་པོའི
134a4 སྤྲིན་དག་དང་།ལྷོའི་རིན་པོ་ཆོས་མཛེས་པར་བྱས་པའི་གཞལ་མེད་ཁང་མེ་ཏོག་རབ་ཏུ་འཕྱང་བ་རྒྱ་མཚོ་ཆེན་པོའི་སྤྲིན་དག་གིས་ན་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས
134a5 རློབས་ལ།རིན་པོ་ཆེའི་སྤྲིན་རབ་ཏུ་འཕྱང་ཞིང་།ལྷའི་རས་བཅོས་བུ་མང་པོ་མུ་ཏིག་གི་རྒྱན་ཕྲེང་རྒྱ་མཚོ་ཆེན་པོའི་སྤྲིན་དག་དང་།སངས་རྒྱས་ཀྱི་རྣམ་པར་འཕྲུལ་པོ་ཟབ་མོ་སྣ
134a6 ཚོགས་ཀྱི་བྱིན་གྱིས་བརླབས་ཀྱིས་སྒྲ་སྒྲོགས་པ་རྒྱ་མཚོའི་སྤྲིན་དག་དང་།དེ་བཞིན་གཤེགས་པའི་ཡོན་ཏན་གྱི་རྒྱན་བཀོད་པ་བསམ་གྱིས་མི་ཁྱབ་པ་རྣམ་པ་སྣ་ཚོགས་ཡང་དག
134a7 པར་སྟོན་པོའི་རིན་པོ་ཆེ་བཀོད་པ་ཆེན་པོའི་རྒྱ་མཚོའི་སྤྲིན་དག་གིས།ན་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་རློབས།སྤྲིན་ཆེན་པོ་རྣམ་པར་འཕྲུལ་པའི་སྒྲ་སྒྲོགས་བརྒྱ
iiif viewer powered by OpenSeadragon
133b - 134b