e-texts navigator
Collection
Volume
Page
Wylie

186a1 ལྟ་བུའི་འོད་ཅན།རྒྱན་ཐམས་ཅད་ཀྱིས་བརྒྱན་པ།ཞལ་གསུམ་པ།སྤྱན་གསུམ་པ།ཕྱག་བརྒྱད་པ།གཡས་པའི་ཞལ་ཞི་བ་གསེར་གྱི་འོད་ཟེར་དང་ལྡན
186a2 པའོ།།གཡོན་པ་ནི་མཆེ་བས་མ་མཆུ་མནན་པ་མི་བཟད་པ་ཨུད་པ་ལ་སྔོན་པོའི་འོད་ཟེར་གྱི་འོད་དོང་ལྡན་པའོ།།དབུས་མ་ནི་སྒེག་པ་དང་བཅས་ཤིང་དཀར་བའོ།།གཡས་པའི་ཕྱག
186a3 གིས་སྙིང་ཁར་སྣ་ཚོགས་རྡོ་རྗེའོ།།དེ་བཞིན་དུ་པདྨ་ལ་གནས་པའི་འོད་དཔག་ཏུ་མེད་པ་དང་།མདའ་དང་།མཆོག་སྦྱིན་པའོ།།གཡོན་བསྡིགས་མཛུབ་དང་བཅས་པའི་ཞགས
186a4 པ་དང་།དེ་བཞིན་དུ་གཞུ་དང་།མི་འཇིགས་པ་དང་བུམ་པའོ།།ཡང་མགོ་བོར་མཆོད་རྟེན་ལ་གནས་པའོ་ཨོཾ་དང་།མགྲིན་པར་ཨཱཿདང་།སྙིང་ཁར་ཧཱུཾ་ངོ་།།དཔྲལ་བར་ཏཱཾ
186a5 ངོ་།།ལྟེ་བའི་ཕྱོག་སུ་ཧཱིའོ།།རྐང་པ་གཉིས་ལ་ཨཽ་ཨཿཡི་གེ་འདི་རྣམས་བཀོད་ལ་རཀྵ་སྭཱ་ཧཱ་དང་བཅས་པ།འདིའི་ནང་དུ་རང་གི་མིང་སྤེལ་བའོ།།དེའི་ལོགས་གཉིསུ་པདྨ་དང་རྡོ
186a6 རྗེ་འཆང་གཉིས་རྔ་ཡབ་དཀར་པོ་ཕྱག་ན་བསྣམས་པ་བྱའོ།།སྟེང་དུ་བདུད་རྩིའི་ཆར་གྱི་རྒྱུན་འདི་ངས་བཞིན་པའི་གནས་གཙང་མའི་ལྷའི་བུ་གཉིས།།ལོགས་བཞིན་ཁྲོ་བོ་མི་གཡོ་བ
186a7 དང་།འདོད་པའི་རྒྱལ་པོ་དང་།དབྱུག་པ་སྔོན་པོ་དང་།སྟོངོས་པོ་ཆེ་ཞེས་བྱ་བ་སྟེ།རལ་གྲི་དང་།ལྕགས་ཀྱུ་དང་།དབྱུག་པ་དང་།རྡོ་རྗེ་བསྣམས་པའོ།།གཡོན་པ




iiif viewer powered by OpenSeadragon

185b - 186b

Texts on this page

N509 - de bzhin gshegs pa thams cad kyi gtsug tor rnam par rgyal ba zhes bya ba'i gzungs rtog pa dang bcas pa