| | e-texts navigator
|
185b1 ཟླ་བྱ་གཞན་རེ་རོ་ལ་མཆོད་པ་ཉིས་འགྱུར་དུ་བྱས་ལ་བརྒྱད་བརྒྱའི་བཟླས་པ་བྱས་པ་ནི་རང་ངམ་རང་དང་འདྲ་བས་བྱའོ།།ཆོ་ག་འདི་ཡིས་ནི་དུས་མ་ཡིན་པར་འཆི་བ་བརྒྱད་མེད་པར་འགྱུརརོ།།
185b2 ཟླ་རྣོ་བ་དང་།ནུད་མེད་པ་དང་།ཚེ་ལོ་བརྒྱ་ཐུབ་ཅིང་འགྲོ་བ་ཐམས་ཅད་ཀྱི་ཡིད་དུ་འོང་བ་དང་།སྐྱེ་བ་དྲན་པར་འགྱུརོ།།གང་གི་ཚེ་འཆི་བའི་དུས་བྱས་པ་དེའི་ཚེ་སྦྲུལ་ཤུན་པ་དེ་རྗེས་པ
185b3 དང་འདྲ་བར་རང་གི་ལུས་དོར་ཏེ།མཛེས་པའི་ལུས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམསུ་སྐྱེ་བར་འགྱུརརོ།།ཡང་དེ་ནི་དམྱལ་བ་དང་།བྱོལ་སོང་གི་སྐྱེ་གནས་དང་།གཤིན་རྗེའི
185b4 འཇིག་རྟེན་གྱི་ངན་འགྲོར་སྐྱེ་བར་མི་འགྱུར།།རྣ་བའི་བུ་གར་དམྱལ་བའི་སྒྲ་ཡང་ཐོས་པར་མི་འགྱུར་ན་འབྲས་བུ་སྨིན་པར་ལྟ་ག་ལ་འགྱུར།འདི་རྣམས་ཀྱི་གན་སུ་འགྲོ་བ་མེད།།
185b5 དེ་ནས་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པས་གཞན་ཡང་སྒྲུབ་པའི་ཐབས་བཀའ་སྩལ་པ།གང་གིས་སེམས་ཅན་ཚེ་དཔག་ཏུ་མེད་པར་འགྱུར་བ་དང་ཉམ་ང་བའི་འཁོར་བ་ལས་གྲོལ
185b6 བར་བྱེད་པ་ནི་གཞོན་ནུ་མས་བཀལ་བའི་སྐུད་པ་ལ་ཚད་དང་ལྡན་པའི་མཛེས་པའི་རས་མཁས་པས་བྱའོ།།དེ་ནས་གཙུག་ཏོར་རྣམ་པར་རྒྱ་ལྔ་པ་ཞེས་བྱ་བའི་གཟུགས་ཚོན་སྣ་མ་ལུས་པས
185b7 གཟུངས་ཀྱི་ཡི་གེ་ལས་སྤྲུལ་པའི་མཆོད་རྟེན་གྱི་ནང་དུ་བྲི་བར་བྱའོ།།ཚེ་དཔག་ཏུ་མེད་པ་འོད་ཟེར་སྟོང་གི་ཕྲེང་བ་ཅན།པདྨ་དང་ཟླ་བའི་གདན་ལོ་བཞུགས་པ།སྟོནི་ཀའི་ཟླ་བ
iiif viewer powered by OpenSeadragon
185a - 186a