| | e-texts navigator
|
185a1 དང་བསྲེས་པའི་ཆུ་གཏོར་ཞིང་དྲི་ནམ་པོའི་མེ་ཏོག་གིས་མཆོད་པ་སྟོང་ཕྲག་ཅིག་གིས་མཛོད་པ་ཆེན་པོ་བྱས་ཏྭ།དཀར་དེའི་ཕྱོགས་ཀྱི་ཆོས་བརྒྱུད་ཀྱི་ཉིན་ཞབ་ལ་བསྒྱུང་།
185a2 བར་གནས་ཤིང་།སེམས་ཅན་ཐམས་ཅད་ལ་ཕན་པའི་ཟློས་ཚེ་དང་བློ་སྟེར་བའི་ཡོན་བྱིན་ཏེ་སྟོང་དྲུག་གཅིག་བཟླས་པར་བྱའོ།།ཟླ་བ་རེ་རེ་ཞིང་བྱས་ན་ཟླ་བ་དྲུག་གོས་ཆེ་ལ་སྟེང་ནུ
185a3 བར་འགྱུརརོ།།རྟག་ཏུ་ལོ་གཅིག་ཏུ་བྱས་ན་ཚེ་ལོ་འབུམ་ཐུབ་པར་འགྱུར་རོ།།རྟག་ཏུ་བྱས་ན་ཚི་ལོ་མི་ཟད་པ་ཐུབ་ཅིང་སྟོབས་དང་ལྡན་པ་དང་།གང་གིས་ཀྱང་མི་ཐུབ་ཅིང་ལྷ་དང
185a4 ལྷ་མ་ཡིན་དང་མཉམ་པའི་མཁའ་སྤྱོད་ཀྱི་གཙུག་ཏོར་མཆོག་ཏུ་འགྱུརརོ།།དེ་ནས་གཞན་ཡང་ཆོ་ག་ནི་རབ་ཏུ་དགེ་བའི་གནས་སུ་བླངས་ལ།དྲི་ཞིམ་པོས་བསྲེས་ལ་མཆོད་རྟེན་ལ
185a5 བྱའོ།།སྟེང་བྲག་གཅིག་ནས་བརྩོམས་ཏེ་ཇི་སྲིད་ལྔ་འམ་གཅིག་བར་དུའོ།།ཉི་མ་རེ་རེ་ཞིང་མཆོད་རྟེན་དུ་གཏོགས་པ་གཙུག་ཏོར་རྣམ་པར་རྒྱུ་ལེ་བ་ཡང་དག་པར་བཞུག་སུ་གསོལ
185a6 ལྀ།ཇི་སྐད་གསུངས་པའི་མཆོད་པ་རྒྱ་ཆེན་པོ་བྱས་ལ་སྟོང་ཕྲག་གཅིག་ནས་བརྩམས་ཏེ།ལན་བདུན་གྱི་བར་དུ་བཀླག་པར་བྱའོ།།ཉི་མ་རེ་རེ་ཞིང་ཚེ་དང་བློ་གཏེར་བར་བྱེད་པའི
185a7 གཟུངས་ཀྱི་ཆེད་དུ་བྱས་ཏེ།སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་དགེ་བའི་རྩ་བ་སྦྱིན་པར་བྱའོ།།སེམས་ཅན་རྣམས་ལ་བཅིང་བ་དང་བརྡུང་བ་ལ་སོགས་པ་སྤང་བར་བྱའོ།།
iiif viewer powered by OpenSeadragon
184b - 185b