e-texts navigator
Collection
Volume
Page
Wylie

184b1 གཤེགས་པ་ཐམས་ཅད་ཀྱི་ཚེ་དཔག་ཏུ་མེད་པ་ཞེས་བྱ་བའི་གནངས་འད་གསུངས་པ་ན་འདི་ས་མྦྷ།ོཾ་མྦྷ་མཻ་ཏྱཱ། མ་ཏོད་དྷཱ་བ། མ་ཏ་ཀྴཿ། མཻཏྟཱ&། མོ་ཏག་མན།
184b2 ཨ་མྲྀ་ཏ་ཨཱ་ཡུན་ཏེ།ག་གྲཱ་ན་ཏིཏྟི།ཀ་རརཾ་སདྡྷྱཀྵ་ཤཀྵ་ཡཱཾ་ཀཎྜི་མེ་སྭཱདྷ།ཞེས་བྱ་བའི་གཟུངས་འདིས་མཆོད་རྟེན་བྱེད་པའི་འཇིམ་པ་བླང་བ་དང་།བྲུག་པ་ལི་སོགས་པ་དང་།
184b3 གདུགས་གདགས་པའི་བར་ཇི་སྲིད་རྫོགས་པར་བྱའོ།།འདིའི་ཆོ་ག་ནི།མཆོད་རྟེན་ཆོ་ག་མཆོག་གྱུར་པ།།དེ་ནས་ཡང་དག་བཤད་པར་བྱ།།གསེར་དང་ཨིནྡྲ་ནཱི་ལ་དང་།དངུལ་དང་།
184b4 པདྨ་ར་ག་ལ་སོགས་པའི་རང་བཞིན་མང་པོའི་རིན་པོ་ཆེས་སྤྲས་པ་སོར་བཅུ་གཉིས་ཀྱི་ཚད་པདྨའི་སྟེང་ན་བཞུགས་པ།དེའི་ལོགས་བཞིར་འཇིག་རྟེན་སྐྱོང་བ་བཞི་ལག་ན་རྒྱལ་མཚན
184b5 བསྣམས་པའོ།།མེ་ཏོག་དང་།བདུག་པ་དང་།དྲི་ལག་ན་བཟུང་བའི་གནས་གཙང་མའི་ལྷའི་བུ་རྣམས་དང་།ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལོག་ན་གདུགས་ཐོགས་པ་དང་།གཡས
184b6 དང་གཡོན་གྱི་ལོགས་གཉིས་ན་སྤྱན་རས་གཟིགས་དང་།རྡོ་རྗེ་འཆང་གཉིས་རྔ་ཡབ་དཀར་པོ་ཕྱག་ན་བསྣམས་པ་བྱའོ།།དེ་ལྟ་བུའི་ཚོ་གས་མཆོད་རྟེན་ལ་གཡས་བསྐོར་གྱི་སྦྱོར་བས་པདྨའི
184b7 འདབ་མ་ལ་བྲི་བར་བྱའོ།།དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུང་དྲིས་ལ།དེའི་རང་བསྲེམ་བྱ་སྙིང་པོ་ཅན་དུ་བྱིས་ལ་དྲིན་མ་ནོ་།




iiif viewer powered by OpenSeadragon

184a - 185a

Texts on this page

N509 - de bzhin gshegs pa thams cad kyi gtsug tor rnam par rgyal ba zhes bya ba'i gzungs rtog pa dang bcas pa