e-texts navigator
Collection
Volume
Page
Wylie

184a1 སོགས་པའི་འཇིགས་པ་མི་འབྱུང་ནི་ན་ཀྱིས་སོ་སུ་གདུངས་པར་མི་འགྱུར།།མགཽ་ལ་གཎྜཱི་ན་ནད་དེ་ལས་གྲོལ་བར་འགྱུར།།ད་ལྟར་ཚེ་དངག་ཏུ་མེད
184a2 པའི་ཕན་ཡོན་ཆེན་པོའི་གཟུངས་འདི་གང་དང་གང་དུ་རབ་ཏུ་སྦྱར་ན་དེ་དང་དེ་རུ་ཞི་བ་ཆེན་པོར་འགྱུར།།སོ་ཤིང་ལ་ལན་ཉི་ཤུ་རྩ་གཅིག་ཡོངསུ་བཟླས་ཏེ་འཆོས་ན་ནད་མེད་པ་དང་།
184a3 བློརྣོ་བ་དང་།ཚེ་རིང་བར་འགྱུརརོ།།ཆུ་ཁྱོར་བ་གསུམ་དུས་གསུམ་དུ་ལན་ཉི་ཤུ་རྩ་གཅིག་རྩ་ཅིག་ཡོངསུ་བཟླས་ཏེའི་ཐུངས་ན་ནད་ཐམས་ཅད་ལས་ཡོངསུ་གྲོལ་ཞིང་ཡུན་རིང
184a4 དུའཚོ་བར་འགྱུརརོ།།གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ལ་བསྐོར
184a5 བ་བྱས་ནས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་མཆོད་རྟེན་གྱི་ལས་ཇི་ལྟར་བགྱི།སྐུ་གཟུགས་ལ་སོགས་པ་སྒྲུབ་པ་ཇི་ལྟར
184a6 བགྱི།འདིར་སྦྱིན་སྐྲག་ཀྱི་ཇི་ལྟར་བགྱི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།དྲི་བ་ལགས་པར་སྨྲས་པ་ནི།།དཔའ་བོ་ཆེན་པོ་ལེགས་ལྤགས།།སེམས་ཅན་ཀུན་ལ་ཕན
184a7 བརྩེའི་ཕྱིར།འདིར་ནི་རྩེ་གཅིག་ཡིད་ཀྱིས་ཉིན།།དེ་ནས་བཅོམ་ལྡན་འདས་ཀུན་ཏུ་འོདྲ་དཔག་ཏུ་མེད་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྟོངས་པར་ཞུགས་ནས་དེ་འ




iiif viewer powered by OpenSeadragon

183b - 184b

Texts on this page

N509 - de bzhin gshegs pa thams cad kyi gtsug tor rnam par rgyal ba zhes bya ba'i gzungs rtog pa dang bcas pa