| | e-texts navigator
|
183b1 འབྱུང།།ནད་མདན་འདམ་པཱའི་ངང་བཞིན་ལ་སྣང་བྱའོ།།ཡང་གོས་གཙང་མ་ལ་སྣ་ཚོགས་རྡོ་རྗེ་ལ་གནས་པའི་མཆོད་རྟེན་ལ་བྲིས་པ་རྡོ་རྗེ་ཕྲེང་བས་བསྐོར་བས་བརྒྱན་པ་དེའི་ན
183b2 དུ་རང་གི་མིང་དང་གཟུངས་ཀྱི་ཚིག་འདི་གི་ཝང་གིས་བྲིས་ལ་ཁམ་པོར་ཁྭ་སྦྱར་གྱི་ནང་དུ་བཞུགསུ་གསོལ་གསོལ་ལ།རང་གི་ཁྱིམ་དུ་བཞག་སྟེ་མཆོད་པ་རྒྱ་ཆེན་པོས་མཆོད་པ་བྱས
183b3 ན་རྟག་ཏུ་སྲུང་བར་འགྱུརརོ།།གཞན་ཡང་ཆོ་ག་ནི་སི་ལ་མ་ལྷུང་བའི་ལྕི་བས་མཎྜལ་གྲུ་བཞིར་བྱས་ལ་མེ་ཏོག་དཀར་པོ་བཀྲ་མོ་སྟེ་མཚམས་བཞིར་ཞུན་མར་གྱི་མར་མེ་བཞི་བཞག་ལ།
183b4 ཨ་ག་རུ་དང་དུ་རུ་ཀའི་བདུག་པ་བྱས་ལ་དེ་བཞིན་དུ་དྲི་ཡི་ཆུས་གང་བའི་སྣོད་མེ་ཏོག་དཀར་པོས་རྒྱན་ཏེ།གཟུངས་ཀྱི་སྙིང་པོ་ཅན་གྱི་མཆོད་རྟེན་ནམ་སྐུ་གཟུགས་དབུས་བཞུགསུ
183b5 གསོལ་ལ།དེ་ལ་གཡོན་པའི་ལག་པས་རེག་སྟེ།གཡས་པའི་ལག་པས་ཕྲེང་བ་འཛིན་པས།ཉི་མ་རེ་རེ་ཞིང་ཉི་ཤུ་རྩ་གཅིག་རྩ་ཅིག་དུས་གསུམ་དུ་བཟླས་པ་བྱོས་ལྔ་ད
183b6 ཆུ་ཁྱོར་བ་གསུམ་འཐུངསྔ་ན་ནད་མེད་པ་དང་།ཚེ་རིང་བ་དང་།དགྲ་ཡོངསུ་ཉམས་པ་དང་།འཛིན་བློ་རྣོ་བ་དང་།ངག་བཙུན་པར་བཙུན་པར་འགྱུ་རོ།།སྐྱེ་བ་ནས་སྐྱེ་བར་སྐྱེ་བ
183b7 དྲན་པར་འགྱུར་རོ།།དེའི་ཆུས་ཁང་པ་དང་།ཕྱུགས་ཀྱི་ར་བ་འམ།རྟའི་ར་བ་འམ།རྒྱལ་པོའི་ཁབ་ཏུ་གཏོར་ན་རྐུན་མོ་དང་།སྦྲུལ་དང་།གནོད་སྦྱིན་དང་།སྲིན་པོ་ལ
iiif viewer powered by OpenSeadragon
183a - 184a