| | e-texts navigator
|
179a1 འདི་རྗོད་བྱེད་དེ་ལ།།མ་མན་གྲང་ཡང་རུང་བ་དང་།།གནོད་སྦྱིན་གྲུལ་བུམ་སྲིན་པོ་དག།ནམས་ཀྱང་བར་ཆད་མི་བྱེད།།གཟུངས་སྔགས་འདི་བརྗོད་བྱེད་དེ་ལ།།འདོད།།
179a2 ཁམས་དབང་ཕྱུག་གང་ཡིན་པ།།སྡིག་ཅན་བདུད་དེ་ནམ་དུ་ཡང་།།བར་ཆད་པྱོད་པར་མི་འགྱུར།།གཟུངས་ཀྱི་སྔགས་འདི་འཛིན་བྱེད་དེ་ཡི།།ཕ་མ་དང་ནི་ཕུ་ནུ་དང་།།སྲིང་མོ་མཛའ
179a3 བཤེས་གཉེན་དག་ཀྱང་།།ལོག་པར་ལྟུང་བར་མི་འགྱུར་རོ།།དེ་ཕྱིར་གཟུངས་སྡིགས་མདོ་སྡེ་འདོ།།འཇིགས་མེད་གང་གིས་ཐོས་གྱུར་ནས།།གཟུངས་སྔགས་འདི་རྗོད་བྱེད་པ་དེས།།
179a4 ནམས་ཀྱང་འཇིགས་པར་མི་བྱའོ།།གཟུངས་སྔགས་འདི་འཛོད་བྱེད་དེ་ཡི།།བསྐལ་པ་བྱེ་བ་སྟོང་རྣམསུ།།སྒྲིབ་པའི་ལས་ནི་གང་བྱས་པ།།ཞག་བདུན་གྱིས་ནི་བྱང་བར་འགྱུར།།
179a5 བྱང་ཆུབ་སེམས་དཔའི་བསོད་ནམས་གང་།།བསྐལ་པ་བྱེ་བར་བསྒྲུབས་པ་ཀུན།།གཟུངས་སྔགས་འདི་འཛིན་བྱེད་པ་དེས།།ཞག་བདུན་གྱིས་ནི་ཟིལ་གྱིས་ནོན།།ཕྱོགས་བའིའི་འཇིག
179a6 རྟེན་སྐྱོང་བ་པོ།།རྒྱལ་པོ་ཆེན་པོ་བཞི་པོ་དག།ལུས་ངན་དངོན་ཡུལ་འཁོར་སྲུང་།།མིག་མི་བཟང་དང་འཕགས་སྐྱེས་པོ།།ཁ་དོག་ལྡན་ཞིང་གྲགས་དང་ལྡན།།འཁོར་བཅས་བློན
179a7 བཙས་དེ་དག་ཀྱང་།།གཟུངས་སྔགས་འདི་ན་རྗོད་བྱེད་པ།།དེ་ལ་རྟག་ཏུ་སྲུང་བར་བྱེད།།དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།ཚེ་དང་ལྡན་པ་ཀུན་དགའ
iiif viewer powered by OpenSeadragon
178b - 179b