e-texts navigator
Collection
Volume
Page
Wylie

178a1 དེ་ཅིའི་ཕྱིར་ཞེ་ན།གཟུངས་ཀྱི་གསང་སྔགས་གཞི་འདི་དག་ནི་གནོད་པ་དང་།ནད་འགྲོ་བ་དང་འཁྲུག་པ་ཐམས་ཅད་ལས་ངེས་པར་འབྱུང་བར་བྱིན་གྱིས་བརླངས་པར་ཕྱུ།
178a2 དེ་ནས་ཆོས་ཀྱི་རྣམ་བླངས་འདི་རྫོགས་པའི་རྗེས་ལ་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བདག་ཅག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འོད
178a3 རྒྱ་ཆེར་རྒྱས་པར་བགྱི་བ་དང་།ཆོས་སྨྲ་བ་དེ་དག་རྗེ་སུ་ཡོངསུ་གཟུང་བ་དང་།དམ་པའི་ཆོས་ཅི་ནས་ཀྱང་ཡུན་རིང་དུ་གནས་པ་དང་།བདུད་ཐམས་ཅད་ཚར་གཅད་པའི་སླད་དུ་གཟུངས་ཀྱི
178a4 གོསང་སྔགས་གཞི་འདྲི་རྣམས་རྗེས་སྩལ་བར་འཚལ་ན།བཅོམ་ལྡན་འདས་ཀྱིས་དེ་ལ་ལེགསོ་ཞེས་འགྱི་བ་གནང་བར་མཛད་དུ་གསོལ།དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ
178a5 བཞི་ལ་ཐུགས་བརྩེ་བའི་ཕྱིར་ཅང་མོ་གསུང་བར་གྱུར་པས་གནང་སྟེ།རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་གིས་ཀྱང་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བ་གྱུར་པར་གནང་བར་རིག་ནས
178a6 དུ་བརྗོད་པ་ཆེད་དུ་བརྗོད།།དེ་ནི་འདི་ལྟ་སྟེ།དྲིན་ན་ནེ།དོན་ཌི།མདྷཱ་ན་དྷེ།ཛ་མ་དྷ་ནེ།སྟམ་དྷཱ་ནེ།ཊ་ཊེ།ཊ་ཊནྡེ།མཧཱཊ་ཊ་ནཾ།ཀུ་ཏེ་ཀུད་ཊ་ནེ།མ་ཧཱ་གུད་ཏ་ན།
178a7 དྷརྨ་ལེ།ཙམ་ལོ་སྭཱ་ཧཱ།བཅོམ་ལྡན་འདས་འདི་དག་ནི་གཟུངས་འདིའི་འཁོར་གྱི་ཚིག་ལྟ་བུར་གདང་བ་ལགས་ཏེ།རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལི་ལ་གཟུངས་སྔགས




iiif viewer powered by OpenSeadragon

177b - 178b

Texts on this page

N507 - 'phags pa rig sngags kyi rgyal po sgron ma mchog gi gzungs