| | e-texts navigator
|
177b1 ཀླུང་དང་བགྲོད་དཀའ་བ་ན་འདུག་ན་ཡང་ཡིད་ལ་བྱའོ།།མེའི་ནང་ན་འདུག་ན་ཡང་ཡིད་ལ་བྱའོ།།ཆུའི་ནང་ན་འདུག་ན་ཡང་ཡིད་ལ་བྱའོ།།དེ་ཡིད་ལ་བྱས་པ་དེ་རྣམས་ལས་འཇིགས་པ་དེ་དག
177b2 ཐམས་ཅད་མི་འབྱུང་།།དུག་ཟོས་པ་ཐམས་ཅད་ཀྱང་ཁ་ཟས་ཉིད་དུ་འགྱུརརོ།།ཀུན་དགའ་བ་གཟུངས་ཀྱི་གསང་སྔགས་གཞི་འདི་དག་འཛིན་པ་ནི་འབྱུང་ཐམས་ཅད་ཀྱིས་མི་ཚུགས།།
177b3 ཡི་དགས་ཐམས་ཅད་དང་སྲུལ་པོ་ཐམས་ཅད་དང་།གཤེད་བྱེད་ཐམས་ཅད་དང་སྦྱར་བའི་ལས་ཐམས་ཅད་དང་།བྱེད་ཐམས་ཅད་དང་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་མི་ཚུགས་ཏེ།
177b4 ཀུན་དགའ་བོ་མདོར་ན་དེ་ལ་གཞན་གྱི་གནོད་པ་ཐམས་ཅད་ཀྱིས་མི་ཚུགསོ།།ཀུན་དགའ་བོ་གསང་བའི་རིགས་པ་ནི་ཆོད་པས་བྲལ་བར་འགྱུརརོ།།ཆད་པས་གཅད་པའི་རིགས་པ་ནི་བརྡེགས
177b5 ངས་བརྡེགས་པའི་རིགས་པ་ནི་བརྒྱད་པས།བརྒྱད་པའི་རིགས་པ་ནི་བསྡིགས་པས།སྡིགས་པའི་རིགས་པ་ནི་མི་ཆུག་དུ་ལྟས་པས་ཐར་བར་འགྱུརརོ།།ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས
177b6 གཞི་འདི་དག་གིས་གང་ལ་བསྲུང་བ་བྱས་པ་འམ།ཡོངསུ་བསྐྱབ་པ་འམ་ཡོངསུ་བཟུང་བས་བཅིངས་པའམ།ཞི་བ་དང་བདེ་ལེགསུ་འགྱུར་བ་བྱས་པ་གཞན་དུ་འགྱུར་བ་དེ་ནི་གནས་མེད།
177b7 ལྷ་དང་བཅས་བདུད་དང་བཅས་ཚངས་པ་དང་བཅས་པའི་འཇོག་རྟེན་དང་།དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དཀུ་དང་།ལྷ་དང་མི་དང་ལྷ་མ་ཡིན་གྱི་ནང་ན་ཡང་ངས་མ་མཐོང་།
iiif viewer powered by OpenSeadragon
177a - 178a