| | e-texts navigator
|
177a1 སྦྲང་བུ་ལྕགས་ཕྱེ་ཐམས་ཅད་ཀྱིས་མི་ཚུགསོ།།རིམས་རླུང་དང་མཁྲིས་པ་དང་བད་ཀན་དང་འདུས་པ་དང་།དུས་ཚོགས་འགྱུར་བ་ལས་འབྱུང་བ་ཐམས་ཅད་ཀྱིས
177a2 མི་ཚུགསོ།།ཞིག་གཅིག་པ་འམ།ཞོག་གཉིས་པའམ།ཞག་གསུམ་པ་འམ།ཞག་བཞི་པ་འམ།ཞག་བདུན་པ་འམ་ཟླ་བ་བྱེད་པའམ།ཟླ་བ་གཅིག་པ་འམ་ལོ་གཅིག་པ
177a3 འམ།ནང་རྒྱུན་རིངས་སམ་སྐད་ཅིག་པ་རྣམས་ཀྱིས་མི་ཚུགས།འབྲས་སམ་པོལ་མིག་གམ།རྐང་ཤུ་འམ་ལྷོག་པ་འམ་མི་དཔལ་ལམ།ཤུ་བ་འམ་ཁྱི་རྡོ་འམ།གཡན་པ
177a4 འམ།མཛེ་ཐམས་ཅད་དམ།ཀློག་པ་ཐམས་ཅད་དམ་གཤེད་བྱེད་ཐམས་ཅད་དམ།སྒྱུར་བའི་ལས་ཐམས་ཅད་དམ།བྱད་ཐམས་ཅད་དང་རོ་ལངས་ཐམས་ཅད་ཀྱིས་ཀྱང་མི
177a5 ཚུག་སོ།།ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས་གཞི་འདི་དག་ནི་སངས་རྒྱས་བྱེ་བ་བྲག་དགུ་བཅུ་རྩ་དགུས་གསུངས་ཏེ།།གང་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ལས་འདའ
177a6 བར་བྱེད་པ་དེ་ནི་དེ་དག་ཐམས་ཅད་ལ་འཁུས་པ་ཡིན།།ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས་གཞི་འདི་དག་ནི་རྒྱལ་པོའི་ཕོ་བྲང་ན་འདུག་ན་ཡང་ཡིད་ལ་བྱའི།ཆོམདུན་གྱི་ནང་ན
177a7 འདུག་ན་ཡང་ཡིད་ལ་བྱའོ།།སྲིན་པོའི་ནང་ན་འདུག་ན་ཡང་ཡིད་ལ་བྱའོ།།གཅན་ཟད་ཁྲོ་བོའི་ནང་ན་འདུག་ན་ཡང་ཡིད་ལ་བྱའོ།།འབྲོག་དགོན་པའི་ནོང་ན་འདུག་ན་ཡང་ཡིད་ལ་བྱའོ།།
iiif viewer powered by OpenSeadragon
176b - 177b