| | e-texts navigator
|
174a1 ལྡན་པར་བགྱི་བ་དང་།སྟོབས་དང་ལྡན་པར་དགྱི་བ་དང་མདོག་དང་ལྡན་པར་བགྱི་བ་དང་བསྲུང་བདང་།སྒྲུ་བ་དང་དསྒྱུར་པ་སྐད་དུ་གཟུས་ཀྱི་གསང་སྔགས་གནའ
174a2 རྣམས་བརྗོད་པར་བགྱིའོ།།འདི་ལྟ་སྟེ།ཡཱད་ཏཱཾ།པྲད་ཏེ།ནད་ཏེ།ཀུ་ནད་ཏེ།པུཀྵ་སེ།ཀུ་པུ་ཀ་སེ།ཀ་སེ་ཨན་ཀ་སེ།ཙྪོ་མ་ཀ་ས། ནུ་ཏཱ།པྲཱ་ནྱ་ཏ།ཁ་ཛོ་མཱ་ཧཱ་ཥ
174a3 རྗེ།སད་བེ་པེ།ཏཌ་པེ།།ཏུ་ར་བྷེ།ཧ་ལི་མ་ལྱ་ཏི་ལེ་སྱཱཏྨ།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ།ཀུན་དགའ་བོ་ཁྱོད་ཀྱིས་གཟུངས་ཀྱི་གསང
174a4 སྔགས་གཞི་འདི་དག་ཟུང་ཤིག།ལོང་ཤིག།རྨོངས་ཤིག།ལྕོགས་ཤིག།ཀུན་ཆུབ་པར་གྱིས་ཤིག།གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག།ཀུན་དགའ
174a5 སངས་རྒྱས་འབྱུང་བ་རྙེད་པར་དཀའོ།།གཟུངས་ཀྱི་གསང་སྔགས་གཞི་འདི་དག་རྙེད་པར་དཀའོ།།ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས་གཞི་འདི་དག་འཛིན་པ་ཡང་ཤིན་ཏུ་རྙེད་པར
174a6 དཀའོ།།ཀུན་དགའ་བོ་རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོ་གང་ལ་ལ་གཟུས་ཀྱི་གསང་སྔགས་གཞི་འདི་དག་འཛིན་པ་དང་།ལེན་པ་དང་།འཆང་བ་དང་།ཀློག་པ་དང་།ཀུན
174a7 ཆུབ་པར་བྱེད་པ་དང་གཞན་དག་པ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་དེ་ནི་ཚེ་རབས་བཅུ་གཉི་སུ་ཚེ་རབས་དྲན་པར་འགྱུརརོ།།ཚེ་འདི་ཉིད་ལ་ཡང་སྔོན་གྱི་ལས་མ་གཏོགས་པར་གཞན་གྱི་གནོད
iiif viewer powered by OpenSeadragon
173b - 174b