| | e-texts navigator
|
172b1 པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དང་སོང་སྟེ་བྱིན་ནས།བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།བཅོམ་ལྡན་འདས་ལ་ལན་གསུམ
172b2 བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག།ཕྱོགས་གཅིག་ཏུ་འདུག་ནས་བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་སངས་རྒྱས་ཀྱི
172b3 ཞིང་བྱེ་བོ་ཕྲག་འབུམ་འདས་པ་ན་འཇིག་རྟེན་གྱི་ཁམས་མེ་ཏོག་མཐའ་ཡས་ཞེས་བགྱི་བ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲོལ་མ་མཆོག་ཅེས་བགྱི
172b4 བ་ད་ལྟར་བཞུགས་ཏེ།འཚོ་ཞིང་གཞེས་འཆོས་ཀྱང་སྟོན་ཏོ།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲོལ་མའི་མཆོག་དེས་བདག
172b5 ཅག་གཉིས་འཇིག་རྟེན་གྱི་ཁམས་མིཇེད་འདིར་བཏང་སྟེ།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲོན་མའི་མཆོག་དེ་བཅོམ་ལྡན་འདས
172b6 ལ་གནོད་པ་ཆུང་ངམ།ཉམ་ང་བ་ཉུང་ངམ།བསྐྱོད་པ་ཡང་ངམ་འཚོ་བམ།སྟོབས་དང་བདེ་བ་དང་།ཁ་ན་མ་ཐོ་བ་མ་མཆིས་པ་ལ་རེག་པར་གནས་སོམ་ཞེས་སྙུན་གསོལ་ཏོ།།འདི་སྐད
172b7 ཅེས་ཀྱང་གསུང་ངོ་།།འདི་ན་མི་འམ་མི་མ་ལགས་པ་འམ།འབྱུང་པོ་འམ་ཤ་ཟའམ།གནོད་སྦྱིན་ནམ་སྲིན་པོ་འམ་གྲུལ་བུམ་འམ།གྲུལ་བུམ་གྱི་སྡེ་དཔོན་ནམ།རྒྱལ་པོ་འམ།
iiif viewer powered by OpenSeadragon
172a - 173a