e-texts navigator
Collection
Volume
Page
Wylie

146b1 ཅད་ཟས་ལ་སོང་བ་རྟ་བབས་ཀྱི་སྒོ་དེ་ནས་གཟུང་།།གཞན་ཡང་བུམ་པ་བཞི་ཆུས་བཀང་སྟེ།བདྡྷ་རྩཝ་བརྒྱད་དུ་བསྔགས་ནས་མི་བཞིས་ཆུས་གཏོར་ནས་ཕྱུགས་ནད་མེད་པར་འགྱུར།།དེ་བཞིན།།
146b2 དུ་ཞག་བདུན་དུ་བྱས་ན་ནད་ཐམས་ཅད་ཞི་བར་འགྱུརརོ།།མི་ནད་དང་ཕྱུགས་ན་དེ་ལ་བྲོ་ག་ལ་བྲིས་ཏེ་མཆོད་པ་བྱས་ནས་རྒྱལ་མཚན་གྱི་རྩེ་མོ་ལ་གདགས།།སྟག་གིས་འཇིགས་པ་ལ་དྲིལ
146b3 བུ་ལ་བཟླས་ནས་དཀྲོལ་བར་བྱའོ།།ཆུ་སྲིན་གྱིས་འཇིགས་པ་ལ་མདའ་དང་ཕ་གུ་ལ་བསྔགས་ནི་སྦྲུལ་དང་།བྱི་བ་དང་།སྡིག་པ་ལ་སོགས་པ་རྣམས་ཀྱང་ཁ་བཅིངས་པར་འགྱུར་རོ།།གཡུལ
146b4 དེར་ཐལ་བ་ལ་བསྔགས་ཏེ།སྤྱི་བོ་དང་མགུལ་དུ་བྱུགས་ན་མཚན་ཆ་ཟློག་པར་བྱེ་།།སྐུད་པ་ལཾ་ལན་བརྒྱ་རྩ་བརྒྱད་དུ་བཟླས་པས་ནད་པའི་ཁྲི་ལ་བཅིང་།།བུམ་པ་ལ་བརྒྱ་རྩ་བརྒྱད་དུ
146b5 བསྔགས་པས་ཁྲུས་བྱའོ།།ལོག་པའི་སྐུད་པ་ལ་བཟླས་ནས་བཅིང་།།དེ་ནས་བིདེ་བར་འགྱུ་རོ་ཡུལ་བསྐོར་སྟེ།དྲིལ་བུ་དང་།རྔ་དང་།དུང་ལེ་བཟླས་པ་བྱས་ན་བགེགས་ཐམས་ཅད་འབྱོར
146b6 ཏེ་གནོང་པའང་ཞི་བོར་འགྱུརརོ།།སྐྱེས་བུ་དཔའ་བོའི་དཔྲལ་བར་རིག་པའི་མདོངས་བཞག་ལ་མཚན་ཆ་བསྐུར་ན་དགྲའམ་གཡུལ་ཞི་བར་འགྱུརརོ།།འཕགས་པ་བརྡྷ་ཤ་ང་རིའི་མདོ་རྫོགས
146b7 །རྒྱ་གར་སྐད་དུ།ཨཱརྱ་བརྞྞ་ཤ་བ་རིནཱ་མ་དྷཱ་ར་དྷི།བོད་སྐད་དུ།འཕགས་པར་ཁྲོད་ལམ་ཐུན་མ་ཞེས་བྱ་བའི་གཟུང་བ།འཇིགས་མ་རི་ཁཱད་མ་མ




iiif viewer powered by OpenSeadragon

146a - 147a

Texts on this page

N498 - 'phags pa pa r+N+Na sha ba ri'i mdo
N499 - 'phags pa ri khrod lo ma gyon ma zhes bya ba'i gzungs