| | e-texts navigator
|
56a1 བྱམས་པ་ཡིས།།ཐུགས་ཀྱིས་འགྲོ་བ་འདི་དག་ཀུན།།བུ་གཅིག་བཞིན་དུ་རྟག་བསྐྱུངས་ཏེ།།ཁྱེད་ལ་བདེ་ལོགས་མཛད་པར་འགྱུར།།གང
56a2 ཞིག་འཁོར་བར་འཁོར་བ་ཡི།།སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་།།གླིང་དང་དཔུང་གཉེན་གྱུར་པ་དེ།།ཁྱོད་ལ་བདེ་ལོགས་མཛད་པར་འགྱུར།།གང་ཞིག་ཆོས་ཀུན
56a3 མངོན་སུམ་འགྱུར།།གཙང་ཞིང་སླུ་བ་མི་མངའ་ལ།།གསུང་གཙང་གཙང་མར་མཛད་པ་དེ།།ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།།དཔའ་བོ་ཆེན་པོ་གང་སྐྱེས་པ།།
56a4 ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང།།དོན་གྲུབ་ཚོགས་ཀྱང་གྲུབ་པ་དེ།།ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།།གང་ཞིག་སྐྱེས་པས་སྐུ་རྣམས་ནི།།ནགས་ཚལ་བཅས།
56a5 པར་རབ་གཡོས་ཤིང་།།སེམས་ཅན་ཐམས་ཅད་རབ་དགའ་དེ།།ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།།བྱང་ཆུབ་སྙིང་པོར་གང་ཞིག་གིས།།ས་དག་རྣམ་དྲུག་གཡོས
56a6 གྱུར་ཅིང་།།བདུད་ཡིད་མི་བདེར་གྱུར་པ་དེ།།ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།།ཆོས་ཀྱི་འཁོར་ལོ་བསྐོར་བ་ན།།འཕགས་པའི་བདེན་པ་རྣམ་གསུང་བ།།ཐུབ
56a7 པའི་སྙན་པ་གང་བྱུང་དེ།།ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།།ཡིད་འཕྲོག་གང་གིས་མུ་སྟེགས་བྱེད།།ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་།།ཚོགས་ཀུན་དབང
iiif viewer powered by OpenSeadragon
55b - 56b