| | e-texts navigator
|
54b1 བསམས་པ།བདེན་པའི་ཚིག་དང་ལྡན་པ་ཐམས་ཅད་ཀྱིས་བསམས་པ།ཆོས་ཀྱིས་བསམས་པ།ཚངས་པས་བསམས་པ།ཚངས་པ་སོ་སོས་བསམས་པ།འདོད
54b2 པའི་དབང་ཕྱུག་གིས་བསམས་པ།དབང་པོས་བསམས་པ།ལྷས་བསམས་པ།ལྷ་མ་ཡིན་གྱི་དབང་པོས་བསམས་པ།ལྷ་མ་ཡིན་ཐམས་ཅད་ཀྱིས་བསྡམས་པ།
54b3 ལྷ་མ་ཡིན་གྱི་མངག་གཞུག་པས་བསམས་པ།འབྱུང་པོ་ཐམས་ཅད་ཀྱིས་བསམས་པ།བཱི་ས་ར་ཏ།བྲི་ས་རཱ་ཏྲ།བི་ས་རཱ་ཏ།བི་ས་རཱ་ཏ།སངས་རྒྱས་འཇིག་རྟེན་ལ
54b4 ཐུགས་བརྩེ་བ་ཅན་གྱིས་བཀའ་སྩ་ལ་ཏོ།།མུཉྩཱ་ཏ།མུཉྩ་ཏ།ཡམས་ཀྱི་ནད་ཐམས་ཅད་ཞི་བར་གྱུར་ཅིག།ནིརྒཙྪ་ཏ།ནིརྒཙྪ་ཏ།ནིརྒཙྪ་ཏ།ནིརྒཙྪ་ཏ།སངས
54b5 རྒྱས་ལྷ་ཆེན་པོ་ལྷའི་ཡང་ལྷ།ལྷའི་བླ་མ་གཤེགས་ཤིང་།དབང་པོ་དང་བཅས་པའི་ལྷ་རྣམས་དང་།ཚངས་པ་དང་བཅས་པ་རྣམས་དང་།དབང་བདག་དང་བཅས་པ
54b6 རྣམས་དང་།སྐྱེ་དགུའི་བདག་པོ་དང་བཅས་པ་རྣམས་དང་།འཇིག་རྟེན་སྐྱོང་བ་བཞི་པོ་དག་ཀྱང་འོང་།ལྷ་སྟོང་ཕྲག་དུ་མ་དག་དང་།ལྷ་མ་ཡིན་གྱི་དབང་པོ་རྣམས་སམ།
54b7 ལྷ་མ་ཡིན་སྟོང་ཕྲག་དུ་མ་དག་ཀྱང་འོང་།བཅོམ་ལྡན་འདས་ལ་མངོན་པོར་དད་པའི་འབྱུང་པོ་བརྒྱ་སྟོང་མང་པོ་དག་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་འོང་སྟེ།
iiif viewer powered by OpenSeadragon
54a - 55a