| | e-texts navigator
|
53b1 འདོར་གྱུར་པ་དོ།།ཁྱོད་ལ་བདེ་ལྕགས་མཛད་པར་འགྱུར།།ཆོས་ཀྱི་འཁོར་ལོ་བསྐོར་བ་ན།།འཕགས་པའི་བདེན་པ་རྣམས་གསུང་བ།།བུབ་པའི་སྣུན་པ་གང་བྱུང་ཏོ།།ཁྱོད་ལ
53b2 བདེ་ལེགས་བྱེད་པར་འགྱུར།།ཡིད་འཕྲོག་གང་གིས་མུ་སྟེགས་བྱེད།།ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་།།ཚོགས་ཀུན་དབང་དུ་མཛད་པ་དོ།།ཁྱེད་ལ་བདེ་ལེགས
53b3 མཛད་པར་འགྱུར།།སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད།།བརྒྱ་བྱིན་ལྷར་བཅས་བདེ་ལེགས་དང་།།འབྱུང་པོ་ཀུན་གྱི་བདེ་ལེགས་ནི།།ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག།
53b4 སངས་ཆས་བསོད་ནམས་མཐུ་ངག་དང་།།ལྷ་རྣམས་ཀྱིས་ནི་བསམ་པ་ཡིས།།ཁྱེད་རྣམས་དོན་འདོད་གང་ཡིན་པ།།དོན་དེ་དི་རིང་གྲུབ་གྱུར་ཅིག།རྐང་གཉིས་ཁྱེད་ཅག
53b5 བདེ་ལེགས་ཤོག།རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག།ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག།ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག།ཉིན་མོ་བདེ་ལེགས་མཚན་བདེ
53b6 ལེགས།།ཉི་མའི་གུང་ལ་བདེ་ལོགས་ཤིང་།།ཁྱེད་ཅག་ཀུན་ཏུ་བདེ་ལེགས་ཤོག།ཁྱེད་ཅག་སྡིག་པར་མ་གྱུར་ཅིག།སངས་རྒྱས་ལྷ་རྣམས་སྟོང་དག་གིས།།ཡོངསུ་བསྐོར་ཏེ
53b7 གཤེགས་མཛད་ཀྱིས།།སྡང་སེམས་ལྡན་པ་རྣམས་བྱེར་ཅིག།སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད།།སངས་རྒྱས་རང་སངས་རྒྱས་རྣམས་དང་།།དགྲ་བཅོམ་སློབ་པའི
iiif viewer powered by OpenSeadragon
53a - 54a