| | e-texts navigator
|
506a1 པྲཛྙཱ་པཱ་ར་མི་ཏཱ།བོད་སྐད་དུ།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀོའུ་ཤི་ཀ་ཞེས་བྱ་བ།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས
506a2 ཅད་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན།བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་།
506a3 བྱང་ཆུབ་སེམས་དཔའ་འབུམ་ཕྲག་དུ་མ་ཐམས་ཅད་ཀྱང་གཞོན་ནུར་གྱུར་པ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་སྟེ།དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ
506a4 སྩོལ་པ།ཀོའུ་ཤི་ཀ་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནི་འདི་ཡིན་ཏེ།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་བལྟ་བར་མི་བྱ།གཉིས་མ་ཡིན་པར་ཡང་མ་ཡིན།
506a5 མཚན་མར་མ་ཡིན།མཚན་མ་མ་ཡིན་པར་ཡང་མོ་ཡིན།བླང་བར་མ་ཡིན།དོར་བར་མ་ཡིན།བསྣོན་པར་མ་ཡིན་བསྣུན་པ་མེད་པར་མ་ཡིན།ཀུན་ནས་ཉོན་མོངས་པར་མ
506a6 ཡིན།ཀུན་ནས་ཉོན་མོངས་པ་མ་ཡིན་པར་ཡང་མ་ཡིན།རྣམ་པར་བྱང་བ་མ་ཡིན།རྣམ་པར་བྱང་བ་མ་ཡིན་པར་ཡང་མ་ཡིན།སྤང་བར་མ་ཡིན།སྤང་བར་མ་ཡིན་པར་ཡང་མ
506a7 ཡིན།གནས་སུ་མ་ཡིན།གནས་སུ་མ་ཡིན་པར་ཡང་མ་ཡིན།སྦྱོར་བར་མ་ཡིན།སྦྱོར་བར་མ་ཡིན་པར་ཡང་མ་ཡིན།འབྲེལ་བར་མ་ཡིན།འབྲེལ་པར་མ་ཡིན་པར
iiif viewer powered by OpenSeadragon
505b - 506b