| | e-texts navigator
|
504b1 བ་མེད་པ་དང་།བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་རིན་པོ་ཆེས་མཛེས་པར་བྱས་པ་དང་།ནོར་བདུན་སྦྱིན་པར་མཛད་པ་དང་།འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོན་པ་དང་།མཐར་གྱིས་གནས
504b2 པའི་སྙོམས་པར་འཇུག་པ་དགུ་སྟོན་པར་མཛད་པ་དང་།དབང་བཅུ་སྒྲུབ་པོ་དང་།ས་བཅུ་གནས་པོར་མཛད་པ་དང་།སྟོབས་བཅུ་ཡོངསུ་རྫོགས་པར་མཛད་པ་དང་།ཟད་པར་གྱི་སྐྱེ་མཆེད་བནུས
504b3 མཛེས་པར་བྱས་པ་དང་།ཤེས་པ་བཅུ་འབབ་པ་དང་།བག་ལ་ཉལ་བཅུའི་དགྲ་འཇིག་པར་མཛད་པ་དང་།བསམ་གཏན་རྣམས་སྒྲུབ་པར་མཛད་པ་དང་།གཟུགས་མེད་པའི་ཁམོས་ལས་ཡང
504b4 དག་པར་འདའ་བར་མཛད་པ་དང་།ཡང་དག་པར་རྫོགས་པའི་སངས་རྒྱས་ཐཾད་ཀྱིས་བསྟོད་པ་དང་།ཤེས་པ་ཐམས་ཅད་མཛད་པ་དང་།ནང་སྟོང་པ་ཉིད་དང་།ཕྱི་སྟོང་པ་ཉིད་དང་།ཕྱི་ནང་སྟོང
504b5 པ་ཉིད་དང་།སྟོང་པ་ཉིད་སྟོང་པ་ཉིད་དང་།ཆེན་པོ་སྟོང་པ་ཉིད་དང་།དོན་དམ་པ་སྟོང་པ་ཉིད་དང་།འདུས་བྱས་སྟོང་པ་ཉིད་དང་།འདུས་མ་བྱས་སྟོང་པ་ཉིད་དང་།མཐའ་ལས་འདས་པ
504b6 སྟོང་པ་ཉིད་དང་།ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་།དོར་བ་མེད་པ་སྟོང་པ་ཉིད་དང་།རང་བཞིན་སྟོང་པོ་ཉིད་དང་།ཆོས་ཐ~ཾད་སྟོང་པ་ཉིད་དང་།རང་གི་མཚན་ཉིད་སྟོང་པ་ཉིད་དང་།མི་དམིགས
504b7 པ་སྟོང་པ་ཉིད་དང་།དངོས་པོ་མེད་པ་སྟོང་པ་ཉིད་དང་།ངོ་བོ་ཉིད་སྟོང་པ་ཉིད་དང་།དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་།མི་བྱུང་བ་དང་།མ་སྐྱེས་པ་དང་།མ་འག་པ་དང་།ཚད་པ་མེད་པ་དང་།
iiif viewer powered by OpenSeadragon
504a - 505a