| | e-texts navigator
|
504a1 །དང་།ངོ་བོ་ཉིད་མེད་པ་ཉིད་དང་།སོན་མེད་པ་ཉིད་དང་།སྲོག་མེད་པ་ཉིད་དང་།གསྣབ་མེད་པ་ཉིད་དང་།གང་ཟག་མེད་པ་ཉྀད་དང་།བརྗོད་དུ་མེད་པ་ཉིད་དང་།བརྗོད་པར
504a2 བ་མ་ཡིན་པ་དང་།སེམས་དང་།ཡིད་དང་།རྣམ་པར་ཤེས་པ་དང་།བྲལ་བ་དང་།མཉམ་པ་མེད་པ་དང་མི་མཉམ་པ་མཉམ་པ་དང་།བདག་གི་མེད་པ་དང་།རྒྱགས་པ་མེད་པ་དང་།སྨྲས
504a3 པ་མེད་པ་དང་།སྤྲོས་པ་དང་བྲལ་བ་དང་།སྨོས་པ་ཐམས་ཅད་ལས་ཤིན་ཏུ་འདས་པ་དང་།སངས་རྒྱས་ཐ~ཾད་ཀྱི་ཡུམ་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐྱེད་པ་དང་།ཉན་ཐོས་ཐཾད
504a4 འཛིན་པ་དང་།རང་སངས་རྒྱས་ཐམས་ཅད་སྦྱིན་པ་དང་།འཇིག་རྟེན་ཐམས་ཅད་འཛིན་པ་དང་།བསོད་ནམས་ཀྱི་ཚོགས་ཟད་མི་ཤེས་པ་བསགས་པ་དང་།ཡེ་ཤེས་འབབ་པ་དང་།རྫུ་འཕྲུལ།
504a5 མཛད་པ་དང་།ལྷའི་མིག་རྣམ་པར་སྦྱོང་བར་མཛད་པ་དང་།ལྷའི་རྣ་བ་རབ་ཏུ་དང་བར་མཛད་པ་དང་།ཕ་རོལ་གྱི་སེམས་ཤེས་པར་མཛད་པ་དང་།སྔོན་གྱི་གནས་རྗེསུ་དྲན་པར་མཛད་པ་དང་།
504a6 འཆི་འཕོ་བ་དང་།སྐྱེ་བ་ཤེས་པར་མཛད་པ་དང་།ཉོན་མོངས་པ་ཐམས་ཅད་ཟད་པར་མཛད་པ་དང་།འཕགས་པ་དང་།གཙང་བ་དང་།བསངས་པ་དང་།དྲན་པ་ཉེ་བར་གཞག་པ་ལ
504a7 གནས་པ་དང་།ཡང་དག་པར་སྤོང་བའི་ཤུགས་དང་ལྡན་པ་དང་།རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་དང་ལྡན་པ་དང་།དབང་པོ་སྦྱོང་བར་མཛད་པ་དང་།སྟོབས་མཛད་པ་དང་།ཁ་ན་མ་ཐོ
iiif viewer powered by OpenSeadragon
503b - 504b