| | e-texts navigator
|
503b1 སྨོན་པ་སྟན་ནས་སྙན་གས་བྱུ་ང་མས་པར་།།འདུས་ཆུ་རྒྱ་མག་འབྲུག་ག་པ་སྨོམ་ཛན་ཀྵ་རྫུ་།ག་སྨྲ།
503b2 པྲཛྙཱ་པ་ར་མི་ཏཱ་ནཱ་མ་ཨིཥྚ་ཤཱ་ཏ་ཀན།བོད་སྐད་དོ།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པ།བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལཾ་ཕྱག་འཚལ།
503b3 འདས་དང་མ་བྱོན་ད་ལྟར་གྱི།།རྒྱལ་བ་གང་ལགས་དེ་ཀུན་གྱི།།ཡུམ་ནི་དགེ་མ་ཁྱོད་ལེགས་ཏེ།།ཁྱོད་ནི་ལྷ་མོ་རྒྱལ་བའི་སྲས།།རང་བཞིན་མེད་པའི་རང་བཞིན་ཅན།།སངས་རྒྱས་ཡུམ་གྱུར
503b4 དེ་ཡི་མཚན།།དགེ་མ་བདག་གིས་བརྗོད་པར་བྱ།།འབྱོར་པར་འདོད་པས་མཉན་པར་བགྱིས།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།ཐཾད་མཁྱེན་པ་ཉིད་དང་།ལམ་གྱི་རྣམ་པ་ཐམས་ཅད་མཁྱེན
503b5 པ་ཉིད་དང་།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་།ཡང་དག་པའི་མཐའ་དང་།དེ་བཞིན་ཉིད་དང་།མ་ནོར་བ་དེ་བཞིན་ཉིད་དང་།གཞན་མ་ཡིན་པ་དེ་བཞིན་ཉིད་དང་།བདེན་པ་དང་།དེ་ཁོ་ན་དང་།།
503b6 ཡང་དག་པ་དང་།ཕྱིན་ཅི་མ་ལོག་པ་ཉིད་དང་།སྟོང་པ་ཉིད་དང་།མཚན་མ་མེད་པ་ཉིད་དང་།སྨོན་པ་མེད་པ་ཉིད་དང་།དངོས་པོ་མེད་པ་ཉིད་དང་།ངོ་བོ་ཉིད་མེད་པ་ཉིད་དང་།དངོས་པོ་མེད
503b7 པའི་ངོ་བོ་ཉིད་དང་།ཆོས་ཉིད་དང་།ཆོས་ཀྱི་དབྱིངས་དང་།ཆོས་གནས་པ་ཉིད་དང་།ཆོས་མི་འགྱུར་བ་ཉིད་དང་།ཆོས་སྐྱོན་མེད་པ་ཉིད་དང་།ཆོས་ཀྱི་མཚན་ཉིད་དང་།ཆོས་བདག་མེད་པ་ཉིད
iiif viewer powered by OpenSeadragon
503a - 504a