| | e-texts navigator
|
503a1 སྟོན་པར་བྱེད་པ་དེ་ནི་རློན་པ་དང་ལྡན་པར་འགྱུར།།ལན་ཅིག་བཏོན་ན་གངས་བརྒྱ་འཛིན་པར་འགྱུརརོ།།བསྐུལ་པ་སྟོང་དུ་བསགས་པའི་སྡིག་པ་མ་ལུས་པར་བྱང་བར
503a2 འགྱུརརོ།།འབུམ་ཕྲག་གཅིག་བཟློས་ན་རིག་པའི་གནས་ལྔ་ལ་མཁས་པར་འགྱུར།།འབུམ་ཕྲག་གཉིས་བཟླས་ན་ཐོས་པ་འཛིན་པར་འགྱུར།།འབུམ་ཕྲག་གསུམ་བཟླས་ན་འཇམ་དཔལ་གྱི
503a3 སྐུ་མཐོང་བར་འགྱུར།།འཇམ་དཔལ་གྱིས་དམ་བཅས་པའི་གཟུངས་རྫོག་སོ།།།འཕགས་པ་འཇམ་དཔལ་གྱི་སྔགས་ཡི་གྲཝ་འབྲུ་གཅིག་པའི་ཆོ་ག།ཏྱཱདྱ་ཐཱ།ོཾ་ཀྵི་གས
503a4 སྡིགས་ཡི་གེ་འབྲུ་གཅིག་པ་འདི་ནི་རབ་ཏུ་གསང་བ་སྟེ།དོན་ཐཾད་སྒྲུབ་པར་བྱེད་པ།ལས་ཐམས་ཅད་བྱེད་པ།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ།རེ་བ་ཐཾད་ཡོངསུ་སྟོང་བར་མཛད་པ
503a5 སྟེ།སོ་ཤིང་ལ་སྔགས་ནས་བཅངས་ན་སོན་པ་འབྱོང་།།མིག་ནི་བ་ལ་རྒྱ་མརྨི་བརྟགས་པ་ལ་ལན་བདུན་བསྔགས་ཏེ་མིག་བཀང་ན་མིག་ནད་སེལ་ཏོ།།མིའི་ཁོང་དུ་མཚོན་གྱི་དུམ་བུ་ལུས་པ
503a6 ལཾ་ཞུན་མར་སྙིང་པོ་ལ་ལན་བདུན་ནམ།བརྒྱ་རྩ་བརྒྱད་བསྔགས་ཏེ་བླུད་པ་འམ།རྨ་ཁར་བསྐུས་ན་མཚན་གྱིས་དུམ་བུ་འབྱུང་བར་འགྱུརརོ།།ཟས་མ་ཞུ་བ་དང་།ལྦོས་ཏེ་གསུད་པ་དང་།
503a7 ཚད་པས་འབྲུ་བ་ལ་མུ་རང་ཚྭའམ།རྒྱམཆུའམ།ཡང་ནེ་ལན་ཚྭ་གཞན་གང་ཡང་རུང་བ་ལེ་ལན་བདུན་བསྔགས་ཏེ་ཟོས་ན་ནད་དེ་ལས་གྲོལ་ཏེ་དེ་ཉིད་ཀྱི་ཉིན་བ་སས་པར་འགྱུརརོ།།ཀླང
iiif viewer powered by OpenSeadragon
502b - 503b