e-texts navigator
Collection
Volume
Page
Wylie

482b1 ལྭཧུ་ལ་ཧུ་ལ།བྷྱོ་བྷྲྀ།ཛྲྀ་ན་ཛི་ཀ།མཉྫུ་ཤཱི་ཡ།དུ་ཤྲཱི་ཡ།ཏཱ་ར་ཡ་མཱཾ།སརྦ་དུཿཁ་བྷྱཿཕཊ་ཕཊ།ཤ་མ་ཡ།ཤ་མ་ཡ། མྲྀ་ཏོད་བྷ་བ།པཱ་པི་མ་ནཱ་ཤཱ་ཡ་སྭཱ་ཧཱ།།འཇམ་དཔལ་འདི
482b2 ནི་ཁྱོད་ཀྱི་སྙིང་པོ་དམ་པ་ཡིན་ཏེ།ཞི་བ་ཐོད་བྱེད་པ།སྡིག་པ་ཐམས་ཅད་ཟད་པར་བྱེད་པ།སྡུག་བསྔལ་ཐམས་ཅད་ལས་རབ་ཏུ་གྲོལ་བར་བྱེད་པ།ཚེ་དང་།ནད་མེད་པ་དང་།དབང་ཕྱུག་དང་།སྐལ
482b3 པ་བཟང་པོ་མཆོག་དང་།ངག་གི་དབང་ཕྱུག་བསྐྱེད་པར་བྱེད་པ།རིག་པའི་རྒྱལ་པོ་ཐམས་ཅད་གཟེངས་སྟོད་པར་བྱེད་པ།སངས་རྒྱས་བཅྡོཾས་ཤཱཀྱ་ཐུབ་པས་འདི་གསུངས་མ་ཐག་ཏུ།ས་ཆེན
482b4 པོ་རི་དང་།རྒྱ་མཚོ་དང་བཅས་པ།སེམས་ཅན་དང་སྣོད་ཉེ་བའི་མཐར་ཐུག་པ་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་པར་གྱུར་ཏེ།འགྲོ་བ་ཐམས་ཅད་ཡི་དགེས་ཀྱི་འགྲོ་བ་དང་།དུད་འགྲོ་དང་།གཤིན
482b5 རྗེའི་འཇིག་རྟེན་དང་།དམྱལ་བའི་སེམས་ཅན་ཐ~ཾད་ཀྱི་སྡུག་བསྔལ་རབ་ཏུ་སྦྱངས་ཤིང་བདེ་བ་རྣམས་ཀྱང་རབ་ཏུ་ཐོབ་པར་འགྱུར་ལ།འཇམ་དཔལ་རིག་པའི་རྒྱལ་པོ་འདི་ཡང་ཡིད་ལ་བྱེད་ཅིང་དེའི་ཚེ
482b6 དམ་པའི་ཆོས་སྤོང་བའི་སེམས་ཀྱང་མེད་པར་གྱུར་ན་བདུད་སྡིག་ཏོ་ཅན་གྱིས་ཀྱང་བླགས་རྙེད་པར་མི་འགྱུར་ལ།བགེགས་དང་ལོག་འདྲེན་ཐམས་ཅད་ཀྱང་འབྱེར་བར་འགྱུརརོ།།འདི་ལྟར་ཡང་སེམས
482b7 བསྐྱེད་པར་བྱ་སྟེ།སངས་རྒྱས་བཅོམ་ལྡན་འདས་ཀྱི་སངས་རྒྱས་དང་།ཆོས་ནི་བསམས་ཀྱིས་མི་ཁྱབ་སྟེ།བསམ་པ་འམ།གཞིལ་བ་འམ།སྤོང་བ་ནི་བདག་ཅག་གིས་ཅི་ཞིག་ནུས་ཏེ།ས




iiif viewer powered by OpenSeadragon

482a - 483a

Texts on this page

N478 - 'phags pa 'jam dpal gyi rtsa ba'i rgyud