| | e-texts navigator
|
481b1 དང་།།སེམས་མོ་དང་ནི་ལུས་ཀྱང་ངམ།།སྲིན་བུ་རྣམས་ཀྱིས་ཟོས་པ་དང་།།ཤུ་བ་པ་ཡིན་པ་ཡང་དག་ལྡན།།མདོ་སྡེ་འདི་ནི་རབ་སྤངས་ན།།གང་དང་གང་གི་འགྲོ་བར་འགྲོ།།དེ་དང་དེར་ནི་སྐྱེབ
481b2 ན།།བློ་ངན་རྨོངས་པར་སྐྱེ་བར་འགྱུར།།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞན་ནུར་གྱུར་པ་སྟན་ལས་ལངས་ཏེ།བླ་གོས་ཕྲག་པ་གཅིག་ཏུ་བཟང་ནས།དབུསམ
481b3 གཡས་པའི་ལྷ་ང་ས་ལོ་བཙུགས་ཏེ།མིག་ཕྱེ་ཞིང་མི་འཛུམ་པ་སྣ།ཐཾད་དང་ལྡན་པའི་གནས་གཙང་མའི་གཞལ་མེད་ཁང་ན་གནས་པའི་ལྷའི་བུ་རྣམས་དང་།འབྱུང་པོའི་ཚོགས་དུ་མཆོས་མཉན
481b4 བའི་ཕྱིར་འདུས་པ་ཤེས་ནས་བཅོམ་ལྡན་འདིས་ཤཱཀྱ་ཐུབ་པ་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ཇི་ཙམ་དུ་ཆོས་ཀྱི་རྣམ་གྲངས་འདི་ནི་ངོ་མཚར་ཏེ་མཆོག་ཏུ་ལེགས་པར་གསུངས་པ་ལ་གླན
481b5 དེ་ལ་བརྗེས་མ་འོངས་པའི་དུས་ན་སེམས་ཅན་མི་རིགས་པའི་ཆགས་པས་ཟིལ་གྱིས་ནོན་པ།སླུ་བར་བྱེད་པ།ང་རྒྱལ་ཅན།མ་དད་པ།གྱ་གྱུ་ཅ་ན།མུ་རྒོད།ཚུལ་ཁྲིམས་འཚལ་བ་དག་འབྱུ།
481b6 བར་འགྱུར་ཏེ།དེ་དག་སྔགས་རྣམས་ཀྱི་རྟོག་པའི་བདག་ཉིད་ཆེན་པོ་རྒྱས་པ་གྲུབ་པ་དང་།དུས་དང་།ཡུལ་དང་།ངེས་པར་སྡོམ་པ་དང་།སྔགས་དང་།སྤྱོད་པ་དང་།སྦྱིན་སྲེགས་དང་།བཟླས
481b7 པ་ངེས་པར་སྡོམ་པ་དང་།ཆོ་ག་ཡ་དག་ལ་མ་དད་པར་འགྱུར།ཡིད་མི་བདེ་བར་འགྱུར་ཏེ།སངས་རྒྱས་ཀྱི་བཀའ་མ་ཡིན་ཞེས་བྱས་ནས་སྤོང་བར་འགྱུར་ཏེ།དེ་དག་ཉོན་མོངས་པའི་སེམསུ་གྱུར
iiif viewer powered by OpenSeadragon
481a - 482a