e-texts navigator
Collection
Volume
Page
Wylie

481a1 འོག་ནས་རྟོག་ཏུ་དེ་ཚེ་འགྲོ།།བསྐལ་པ་རྣམས་མང་གསུམ་གྱི་གྲངས།།དེ་ཚེ་བསོད་ནམས་ཡོངས་བསྩགས་ནས།།དེ་ཚེ་བྱང་ཆུབ་ཐོང་ནས་ནི།།བདག་དང་རྒྱལ་བ་མཆོག
481a2 རྣམས་ཀྱིས།།སྔགས་དང་རྒྱུད་ཀྱི་དོན་གསུངས་པ།།འགྲོ་བ་ཡུལ་ནི་སྡིག་མེད་ལའོ།།རྩ་བའི་ཆོ་ག་དག་བྱེད་དང་།།སྡིག་པ་མེད་ཅིང་བཀྲ་ཤྲཱིས་པའི་ལྡེའུ་རབ་འབྱམ་རབ་གསུངས་པ།།ངེས
481a3 པའི་མདོ་སྡེ་བཟང་པོ་ཡིན།།ས་བདག་ཡོན་བདག་ཉིད་ཆེ།།ཡུལ་དང་དུས་ཀྱི་སྦྱོར་བ་དང་།།རྒྱལ་སྲས་མི་རུ་སྐྱེས་པ་ཡིན།།ས་སྟེང་དམ་པའི་ཆོས་བསྟན་ཞེས།།འཇིག་རྟེན་གཙོ་བོ་ཐུབ་པ
481a4 ནི།།རྒྱལ་བ་བདུན་པས་བསྟན་པ་ཡིན།།ཆོ་ག་རྒྱ་ཆེར་གསུངས་པ་ནི།།བློ་དང་དཔལ་ནི་མངོན་པར་འཕེལ་རྩ་བ་རབ་འབྱམ་ལེའུ་ཞེས།།སྔགས་དང་རྒྱུད་དང་ལྡན་པ་དེ།།གང་ཞིག་མདོ
481a5 མཆོག་གཙོ་བོ་འདི།།རྒྱལ་བས་མཆོད་པའི་ཆོས་ཀྱི་མཛོད།།ས་སྟེང་མིས་ནི་སྤོང་བྱེད་པ།།དེ་ནི་མནར་མེད་དམྱལ་བར་འགྲོ།བསྐལ་པ་ཆེན་པོར་དེ་འཚོད་ཅེས།།རྣམ་པ་དུ་མར་དབྱེ་བར
481a6 སྟན།།ནམ་ཞིག་གང་དུ་འབྱུང་བ་ནི།།མི་ཡི་ལུསུ་སྐྱེས་ན་ཡང་།།དབུལ་ཞིང་ནད་མིང་གླེན་པ་དང་།།ཀླ་ཀློ་དག་ཏུ་སྐྱེ་བར་འགྱུར།།འཇིག་རྟེན་སྨད་པར་འགྲོ་བ་སྟེ།།དེ་ནི་མཛེ་ཅན་ནིད་དང
481a7 འགྱུར།།ལྐུག་ཅིང་འོན་པ་ཡན་ལག་ཉམས།།བློ་ཉམས་ལོང་བ་ཉིད་དང་ནི།།རྩུབ་ཅིང་རྟག་ཏུ་འཇིག་པའི་གཟུགས།།ས་སྟེང་ཡི་དགས་ལྟ་བུར་སྣང་།།གོས་ངན་སེམས་ནི་ཞན་པ




iiif viewer powered by OpenSeadragon

480b - 481b

Texts on this page

N478 - 'phags pa 'jam dpal gyi rtsa ba'i rgyud