e-texts navigator
Collection
Volume
Page
Wylie

480b1 ཧུད་ཟེར་དེ་བཞིན།།འཇིག་རྟེན་གྲགས་པ་སོ་ཐམས་ཐམས།།སྡིག་པའི་ལས་ཀྱི་དམྱལ་བ་རུ།།གླང་གིས་ཆོས་ནི་སུན་བྱེད་པ།།དེས་ནི་སྐྱེ་བོ་དེ་དག་འགྲོ།འཇིག་རྟེན་སྨད་པར་རབ་བསྟན་པ།།
480b2 མི་ཟད་མནར་མེད་པ་ཞེས་བྱ།།མེ་དད་སེམས་ཀྱིས་ཆོས་སྤངས་པ།།སྡིག་པའི་ལས་ཅན་གནས་ཡིན་ཏེ།།གང་ཞིག་ཆོས་ནི་འདི་འཇིག་པ།།དེ་ལ་སྐྱེ་བོ་དེ་འཚེད་འགྱུར།།ཀུན་གྱི་མཐར
480b3 ཐུག་མནར་མེད་པ།།དེ་ཉམས་དེ་བཞིན་དམྱལ་ཆེན་སྐྱེ།།དམྱལ་བའི་ས་མཐའ་མཐའ་ཡས་པར།།རྟག་ཏུ་བློ་མེད་དེ་ནི་འགྲོ།མདོ་སྡེ་དེ་ན་རྒྱ་ཆེར་པོ་ཅེས།།ཆོས་ཀྱི་ནོར་ཀུན་རབ་སྤངས་ནས
480b4 དེ་ནས་འཇིག་རྟེན་ངན་པར་འགྲོ།དབང་མེད་རྟག་པར་དབང་དུ་འགྲོ།གང་ཞིག་མདོ་སྡེའི་ཆོ་ག་འདི།།སྔགས་དང་རྒྱུད་ཀྱིས་ལེགས་པར་རྒྱན།།གྲུབ་པ་སྣ་ཚོགས་བརྒྱ་རྣམས་འཐོབ།།
480b5 དག་མཐའ་ནི་སྒྲིབ་པ་མེད།།ཆོས་ཀྱི་དབྱིངས་ཀྱི་སྐུ་ཉིད་ཡིན།།དམིགསུ་མེད་པའི་ངོ་བོ་ཉིད།།ཆོ་ག་ཆོ་ག་རྒྱ་ཆེནི་བཅས།།ལེའུ་རབ་འབྱམ་འདིས་འདྲེན་བྱེད།།འཇམ་པའི་དབྱངས་ནི
480b6 ལེགས་དགོད་པ།།ཕུན་ཚོགས་དཔལ་དང་བློ་གྲོས་མཆོད།།རྩ་བའི་ཆོ་ག་མི་ཉུང་བ།།རྒྱ་ཆེ་མང་པོར་བསྟན་པ་ཡིན།།རྟག་དང་ཆད་དང་ཐོག་མཐའ་ནོ།།གཉི་གའི་མཐའ་དོན་རྣམ་པར
480b7 སྤངས།།རིམ་བཅས་རིམ་ནི་ངེས་པར་བསན།།སྔགས་ཀྱི་ལུས་ནི་བཏུས་པ་ཡི།།མེ་དོང་རླུང་དང་ན་མཁའ་དང་།།སྟོང་པའི་དེ་ཉིད་ལེགས་གསུངས་པ།།སྤངས་པ་རྟག་ཏུ་འགྲོ་བ་ནི།།




iiif viewer powered by OpenSeadragon

480a - 481a

Texts on this page

N478 - 'phags pa 'jam dpal gyi rtsa ba'i rgyud