| | e-texts navigator
|
480a1 ནད་མེད་པ་འཕེལ་བར་སངས་རྒྱས་བཅོམ་ལྡན་འདས་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་སྔོན་དུ་གསུངས་པ་ཡིན།།དེ་བཞིན་དུ་ཕན་ཡོན
480a2 གྷི་ལྗོན་མཆོག་འདི་དག་རྒྱ་ཆེ་བ་དང་།མཐའ་ཡས་ཤིང་མུ་མེད་ལ་སྔོན་གསུངས་པ་ཡིན།།གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་སྤངས་སམ།རྣམ་པར་རྟོག་པར་བྱེད་ན་བསོད་ནམས་མ
480a3 ཡིན་པ་དཔག་ཏུ་མེད་པར་འཕེལ་བར་འགྱུར་ཞིང་དམྱལ་བར་ཡང་སྐྱེ་བར་འགྱུར་ལ།དུད་འགྲོ་དང་།ཡི་དགས་དང་།གཤིན་རྗེའི་འཇིག་རྟེན་གྱི་སྐྱེ་བ་ངན་པར་ཡང་འགྲོ་བར་འགྱུརརོ།།སྨན
480a4 དང་།སྔགས་རྣམས་མེདདོ།།བྱང་ཆུབ་སེམས་དཔའ་མེདོ།།དེ་རྣམས་བདག་ཉིད་ཆེན་པོ་རྫུ་འཕྲུལ་ཆེ་བ་དང་།རྣམ་པར་འཕྲུལ་པ་ཡང་མོདོ།།རྙོ་ག་རྒྱ་ཆེ་བ་ཡང་མེད།།འཕགས་པ་མ
480a5 ཡིན་པས་བཤད་ཞེས་བྱས་ནས་སྤོང་བའམ།ཡང་ན་འགྲོ་ཞིང་འདི་ཉན་པར་མི་ནུས་ཞེས་གནས་དེ་ལས་གཞན་དུ་འགྲོ་ན་དེ་དག་ལ་བསོད་ནམས་མ་ཡིན་པ་ཆེན་པོ་འབྱུང་བར་འགྱུ་རོ།།ཅི་སྟེ
480a6 བློ་ཆུང་བ་གང་གིས་ཆོས་འདི་ནི་ཐུབ་པ་མཆོག་དང་།ཐུབ་པའི་སྲས་བློ་དང་ལྡན་པ་མ་ཡིན་ཞེས་རབ་ཏུ་ཡིནོ་ཤེས་རབ་ཏུ་སྤོང་བར་བྱེད།།མི་དེ་དམྱལ་བར་འགྲོ་འགྱུར་ཞིང་།།དེ་ཉམས་ནས།
480a7 ན་དུད་འགྲོར་འགྲོ།ཐིག་ནག་དང་ནི་ཡང་སོས་དང་།།སྤུ་གྲི་སོ་དང་མེ་མ་མུ་།།རོ་མྱགས་ཆུ་བོ་རབ་མེད་སྐྱེ།།དེ་ནས་ཕྱིར་ཡང་སྤྱི་གྲི་སོར།།ལོ་མ་རལ་གྲི་ལྟེ་བུའི་ནགས།།ཡང་ན་གྱི
iiif viewer powered by OpenSeadragon
479b - 480b