e-texts navigator
Collection
Volume
Page
Wylie

479b1 མཐུས་ལྷ་མ་ཡིན་ལས་བདག་ཅགངས་པར་རྒྱལ་བས་རང་གི་ཀུན་སུ་འགྲོ་བར་བྱའོ།།རང་རང་གི་གནས་ཇི་ལྟ་བུ་བཞིན་དུ་སོང་ནས་ཁྱེད་ཅག་རྩེ་བ་དང་དགའ་བ་ཡོངསུ་སྤྱོད་པར་གྱིས་ཤཱག།དེ་ནས་ལྷ་དྲོ་དག
479b2 ཐམས་ཅད་ཡིད་ཤིན་ཏུ་དགའ་ནས་ཕྱིར་ཡང་རང་གི་གན་སུ་ལོག་པར་གྱུར་ཏོ།།དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་པར་གྱུར་ཏེ།གང་བདག་གྲིས་གཞོན་ནུའི་གཟུགས་ཅན་སྐྱེ
479b3 གཟུགས་བརྙན་གྱི་རྣམས་དེ་བྱས་ལ་རྒྱལ་མཚན་གྱི་རྩེ་མོ་ལའང་རྟགས་ན་དེས་ན་གོང་གི་ལྷ་མ་ཡིན་གྱི་འཇིགས་པོ་མི་འབྱུང་ངོ་ཞེས་བསྟན་ཏོ།།དེ་ནུས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཆེན་པོ་ལ
479b4 འོས་པའི་ནོར་བུ་རིན་པོ་ཆེ་ནང་འོད་དང་ལྗོན་ཞིང་གསལ་བའི་ཕྲེང་བ་བླངས་ནས་གཞོན་ནུའི་ཚ་བྱད་ཀྱི་གཟུགས་བརྙན་བྱས་ཏེ།སྟེང་གི་ཁང་བཟངསུ་གྲོང་ཁྱེར་ཆེན་པོ་བལྟ་ན་སྡུག་པོའི་དབུས་ན་ལྷ་རྣམས
479b5 ཀྱི་མདུན་ས་ཆོས་བཟང་གི་རྩེ་མོར་རྒྱལ་མཚན་སྐྱེང་བ་ལེགས་པར་བཀོད་པ་བྱས་ནས་བཞག་པར་གྱུར་ཏེ།།དེ་ནས་ལྷ་མ་ཡིན་དེ་དག་རབ་ཚིམ་བྱེད་དང་།ཐག་བཟངས་རིས་ལ་སོགས་པ་དེ་དག
479b6 ལྷ་རྣམས་ཀྱི་སྟེང་དུ་མི་འགྲོ་ཞིང་ལྷ་དེ་དག་ཀྱང་ཟིལ་གྱིས་གནོན་པར་མི་འགྱུར་ལ།རྫུ་འཕྲུལ་ལས་རྣམ་པར་འཕྲུལ་པ་འམ།གཡུལ་མངོན་དུ་ཕྱོགས་པར་འགྲོ་བར་མི་ནུས་སོ།།དེ་ལྟར
479b7 ལོ་བྱེ་བ་ཁྲི་བྲག་དུ་མ་མ་ཡིན་པའི་གྲངས་ཀྱིས་བགྲང་བར་ཡང་ལྷ་མ་ཡིན་གྱི་འཇིགས་པ་འབྱུང་བར་མི་འགྱུར་རོ།།དེ་བཞིན་དུ་ཕན་ཡོན་དཔག་ཏུ་མེད་པ་བསྟན་པའི་ཚེ་དང




iiif viewer powered by OpenSeadragon

479a - 480a

Texts on this page

N478 - 'phags pa 'jam dpal gyi rtsa ba'i rgyud