| | e-texts navigator
|
478b1 བོས་རྣམ་པར་སྨྲས།།མི་བཟད་ལྷ་མུན་གྱིས་ཕམ་ནས།།བདག་ཀྱང་འདིར་ནི་ཡང་དག་ལྷགས།།དེ་སྐད་བཅོམ་ལྡན་དསོལ་ནས་ནི།།ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས།།དེ་ཚེ་ཐུབ་མཆོག་ཞབས་གཉིས་ལ།།སྤྱི་རོ
478b2 གཙུག་གིས་ཡི་བཏུད་ནས།།མི་སྟོང་ཀོའུ་ཤི་ཀ་ནི།།དེ་ཡི་སྤྱན་སྔར་འདུག་པར་གྱུར།།དེ་སྐད་གསོལ་ནུས་ཐུབ་མཆོག་ནི།།བྲམ་ཟེར་གྱུར་པ་འོད་སྲུང་གིས།།དེ་ཚེ་གི་སུང་དུ་བཀར་སྩལ་པ།།ཀ་ལོ་བིདྨའི་སྒྲ
478b3 སྐད་དུ།།རྒྱལ་བ་མཆོག་གིས་སྔོན་གསུངས་པ།།གཞོན་ནུ་སྣ་ཚོགས་ཡང་དག་འབྱུང་།།བདག་ཉིད་ཆེན་པོ་འཛུམ་དཔཔ་ནི།།རྙེད་དཀའ་སྐུ་ནི་འབུམ་གྱུར་པ།།ཡང་དག་མཐའ་ལ་གནས་དེ་ནི།།ཟབ་མོའི་དོན
478b4 བྱེ་དོན་སྟོན་བྱེད།།སྤྲོས་མེད་རྣམ་པ་མེད་པ་དང་།།གནས་མེད་པ་ལ་གཟུགས་བྱས་ནས།།ཤིན་ཏུ་དོན་ལྡན་ཆོས་ཀྱང་སྟོན།།ལྷ་ཡི་དབང་ཕྱུག་དེ་ནི་དྲིན།།དེ་ནས་དེ་ནི་དེ་དྲན་དེས།།བྱང་ཆུབ་སེམས་དཔ
478b5 དྲན་ཙམ་གྱིས།།གཞོ་ནུ་སྣ་ཚོགས་གཟུགས་ཅན་ནི།།དེར་ནི་དེ་ཡི་མོད་ལ་ལྷག་སོ།།དེ་ནི་བཅོམ་ལྡན་འདས་དང་ནི།།བཅོམ་ལྡན་ལྷ་ཡི་དབང་ཕྱུག་བཅས།།ལྷགས་ནས་བྱང་ཆུབ་སེམས་དཔའི་དེས།།དེ་ཚེ་རྒྱལ་བ།
478b6 མཆོག་ལ་བཏུད་།།རྒྱལ་བ་མཆོག་ཀུན་ཕྱག་འཚལ་ནས།།འོད་ཆེན་འོད་སྲུང་ལ་ཡང་བདུད།།དེ་ཚེ་ཐུབ་པས་རྗེས་གནང་ནས།།སྔགས་ཀྱི་ཚིག་ན་འདི་སྨྲ་སོ།།ན་མཿསརྦ་བུདྡྷ་བི་དྷི་སངྒེ་ཐཱཿམ་པྲ་ཏི་ཏྭཱ་ཏ་ཤཱ་ས་ནེ་བྷཱ།
478b7 ཨོཾ་ཧ་ན་ཧ་ན།སརྦ་བྷ་ཡོད་སཱ་དཱ་ཡ་དྷཱ་སཱ་ཡ།མོ་ཊ་ཡ།ཚིནྡྲ།བྷིནྡ།ཛྭ་ལི་ཛྭ་ལ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པས་སྔགས་འདི་སྨྲས་མནཾ།
iiif viewer powered by OpenSeadragon
478a - 479a