| | e-texts navigator
|
478a1 ཡོངསུ་བརྒྱན།།གསེར་དང་དངུལ་དཔར་གན་གྱིས།།རྒྱལ་མཚན་ཡུ་བ་སྦེད་པ་ལ།།རྒྱལ་མཚན་བ་དན་བཏགས་ནས་ནི།།ལེགས་དགོད་ལེགས་པར་མཉམ་པར་བཞག།གཡུལ་དུ་དགྲས་ནི
478a2 ལེགས་གང་བ།།མཚོན་ཆ་སྣ་ཚོགས་ཐོག་བྱེད་པ།།ཐམས་ཅད་གཡུལ་དུ་འདུས་པ་ལ།།དེ་ཡི་ཚེན་འཇུག་པར་བྱ།།རྒྱལ་མཚན་སྦྲང་ལ་གནས་པ་ཡི།།གཞོན་ནུ་ལས་ནི་སྣ་ཚོགས་པ།།རྣམ་པ་དུ་མ་རི།།
478a3 གཟུགས་དང་ལྡན།།བདག་ཉིད་ཆེན་པོ་འཇམ་པའི་དབྱངས།།ས་བཅུའི་བདག་པོའི་བདག་པོ་ནི།།མཐོང་བ་ཙམ་གྱིས་འཇོག་པར་བྱེད།།རྒྱལ་རིགས་རྒྱལ་པོ་ཆེན་པོ་ནི།།འཇིག་རྟེན་ས་སྲུངས་གནས་པ
478a4 ད་ལྡན་ཡིད་གཉིས་ཐེ་ཚོམ་ནི།།རྣམ་བྲལ་ཆོས་ལ་མཉེས་པཤིན་པ།།བདེ་བར་གཤེགས་ལ་དད་བསྐྱེད་ནས།།སྙིང་རྗེས་བརླན་པའི་ཡིད་ཀྱིས་ནི།།འདིར་བཤད་འདི་དག་བྱ་བ་ནི།།གྲུབ་པར་འདོད་པས་རབ
478a5 ཏུ་བྱ།།ཆོ་གའི་སྦྱོར་བའི་སྔགས་དང་ནི།།རྒྱུད་དང་ལྡན་པ་ས་སྟེད་དུ།།ཆོས་དབྱིངས་ཚོགས་པའི་རྒྱལ་བ་ཡིས།།གསུང་རབ་འདི་དག་ངེས་པར་བསྟན།།ཆོས་ཀྱི་དབྱིངས་དང་མཉམ་གནས་པའི།།རྒྱལ
478a6 མཆོག་སྔ་མ་གྲོངས་མེད་པས།།ས་ཡི་སྟེང་གི་མི་རྣམས་ལའང་།།ཆོས་ཀྱི་མཛོད་ནི་གསུངས་པ་ཡིན།།ལྷ་དང་ལྷ་མིན་སྔོན་གཡུལ་འཐབ།།ཕ་རོལ་འཇིགས་པ་བྱུང་བ་ན།།གང་ཚེ་བརྒྱ་བྱིན་སྔོན་གྱུར་པ།།
478a7 དང་ནི་ཕམ་བྱས་ཞེ་སྡང་བས།།དེ་ཚེ་གཅིག་ཏུ་སོང་ནས་ནི།།ས་སྟེང་རྣམ་པར་དུ་བར་གྱུར།།རྒྱལ་མཆོག་འོད་སྲུང་དེ་ལ་ནི།།ཐུབ་པ་མཆོག་ལ་དེ་ཚེ་ཞུས།།ཇི་ལྟར་བྱ་ཞེས་ཚིག་ཏུ་ནི།།བདེ་སོགས་བདག།
iiif viewer powered by OpenSeadragon
477b - 478b