| | e-texts navigator
|
477b1 བྱས་ནས།།ས་སྟོང་འདི་ནི་རབ་ཏུ་བསྒྲུབ།།སྔགས་དང་རྒྱུད་དོན་དྲང་བའི་དོན།།དོན་ཡོད་ཚིག་ནི་རབ་བཤད་པ།།བྱ་བ་དུས་ལ་བརྟེན་ནས་ན།།ས་སྟེང་རིག་པ་འཛིན་སྒྲུ་བ་ནི།།རིན་ཆེན་ཕུན་ཚོགས་རབ་གང་བ།།དེ་མ།
477b2 ཕྱོགས་ཀུན་དག་ཏུ་གསུངས།།བྲིས་བཅས་འགྲོ་བའི་བདག་ཉིད་རྗེ།།རྒྱུ་པར་བཟང་བར་བརྗིད་པ་ཡིན།།གང་ཞོག་ཆོག་མཆོག་འདར་།།རྒྱལ་པོ་སྔགས་གཅིག་འཆང་བྱེད་པ།།རྒྱལ་སྲིང་ཕུན་ཚོགས་འདོད་བཅཝ།
477b3 དྲི་ཕུན་སུམ་ཚོགས་པར་འགྱུར།།རྣམ་པ་སྣ་ཚོགས་ལོངས་སྤྱོད་ཆགས།།རྒྱལ་མཆོག་དམིངས་ཐོབ་པར་འགྱུར།།འགྲོ་དང་གནོས་པའི་དུག་དགྲ་དང་།།གཞན་གྱིས་ཟློས་པའི་རིག་པ་དང་།།རོ་ལངས
477b4 སྔགས་ཀྱི་སྒྲུབ་པ་དང་།།མཚོན་གྱིས་ཀྱང་ནི་གནོད་མི་འགྱུར།།གཞོན་གྱི་གནོད་སྤྱོད་གཅོར་བྱེ་དྲངས།།སཏྟེ་འཇིག་རྟེན་གནོད་མི་བྱེད།།ཆོམ་རྐུན་དང་ནི་གཞན་དག་དང་།།མོ་ཡི་འཇིགས་པ་དེ་ལ་མེད།།
477b5 རྒྱལ་པོ་སྐྱེ་བོ་དྲོག་ཀྱང་རུང་།།སུ་ཞིག་དེ་ལ་མཆོད་མི་བྱེད།།གང་ཞིབ་མདོ་སྤུ་དཀོན་མཆོག་འདི།།འཆུང་དང་ཀློག་པ་དང་དེ་བཞིནོ།།རྒྱལ་པོ་རྱ་ལཱི་རིགས་སྤྱི་བོ་ནས།།དབང་བསྐུར་ཡུལ་དུ་ཉེར་གནས་ཚེ།།མད
477b6 མགོ་ལ་ངས་བཅིང་སྔནས།།ཡང་དང་ཡང་དུ་ཕྱག་འཚལ་ན།།དེ་ལ་རྒན་པོས་མོ་གནོད་ཅིང་།།མཚན་གྱིས་དེའི་འཕོག་མི་འགྱུར།།གོཞོན་ནུའི་གཟུགས་ཡང་དག་བྱུང་།།རྨེ་བྱིའི་གང་ནི་ལ་ལེགས་བཀོད་པ།
477b7 གླང་ངོའི་ཚོགས་མའི་སྟེང་བཞག་ནས།།གཡུལ་དུ་ཡང་དག་ཞུགས་བྱས་ན།།སྐྱེ་བོ་རྣམ་སྡང་དེ་དག་ཀུན།།མཐོང་བ་ཙམ་གྱིས་ལྡོག་པར་བྱེད།།བྱིས་པའི་གཟུགས་ཅན་བཟང་པོ་ནི།།གཞོན་ནུའི་རྒྱན་རྒྱ
iiif viewer powered by OpenSeadragon
477a - 478a