| | e-texts navigator
|
476b1 རྒྱན།རྣམ་པ་སྣ་ཚོགས་མང་དོན་དང་།།སྔགས་དང་རྒྱུད་ཀྱིས་རྫས་འཇུག་པ།།ཆོ་ག་རབ་འབྱམ་འདི་ལས་གཞན།།མ་བྱུང་གླང་ཡང་ཡོང་མ་ཡིན།།རྒྱལ་སྲིད་ཆེན་པོ་ལ་སྤྱོད་ཆེ།།ལྷ་གནས་རག་ཏུ
476b2 ཕུན་སུམ་ཚོགས།།དེ་བཞིན་ལྷ་དང་མི་རྣམས་ཀྱི།།གྲགས་པ་རྒྱས་པའང་ཐོབ་པར་འགྱུར།།མི་ཁོམ་བརྒྱད་ནི་སྤོང་བྱེད་ཅིང་།།དལ་བ་དག་ནི་ཐོབ་པར་བྱེད།།ཐེག་པ་རྣམ་གསུམ་བདག་པོ་དང་།།དེ་ངས
476b3 སངས་རྒྱས་ཉིད་ཐོབ་འགྱུར།།མདོ་འདི་འཛིན་པའི་བསོད་ནམས་དང་།།དེ་བཞིན་དུ་ནི་ཕན་ཡོན་ནི།།འདི་ཡི་ལུས་ལ་མཚོ་ནི་མི་འབྱུང་།།དུག་དང་མོས་ཀྱང་མ་ཡིན།།རོ་ལངས་དང་ནི་གདོན་དང་ནི
476b4 དེ་བའི་ན་སྤྲུལ་པོ་མ་མོ་དང་།།སྲིན་མོ་ཤ་ཟ་འཚེ་བྱེད་པའང་།།གང་ཞིག་མདོ་འདི་འདོན་ལ་མིན།འཆང་བ་དང་ནི་ཀློག་པ་དང་།།ཡང་དང་ཡང་དུ་མཆོད་བྱེད་དང་།།འཇིགས་པ་མེད་པས་མཆོད་བྱེད
476b5 དང་།།རྣམ་པ་སྣ་ཚོགས་མཆོད་བྱེད།།ཕན་ཡོན་འདི་ནི་རབ་བསྟན་པ།།འཇིག་རྟེན་འདིར་ནི་ཐོབ་འགྱུར་བ།།ནང་པ་རྣམས་ནི་ནད་ལས་གྲོལ།སྡུག་བསྔལ་ཅན་ནི་བདེ་བར་འགྱུར།།དབུལ་པོས་ནོར་ན
476b6 རྙི་འགྱུར་ཏེ།བཅིངས་པ་རྣམས་ནི་འཆིང་ལས་གྲོལ།།འགྲོ་བ་ལྔ་དང་ལྡན་པ་ཡི།།འཁོར་བའི་སྡུག་བསྔལ་ལྟུང་བ་རྣམས།།བདེ་བ་ན་པ་མྱ་ངན་འདས།།མི་གཡོ་གྲོ་འཕངས་འཐོབ་པར་འགྱུར།།8
476b7 རྒྱལ་སངས་རྒྱས་ཉིད་དང་ནི།།ཉན་ཐོས་མཐར་ནི་བྱིན་པར་འགྱུར།།མདོ་སྡེ་འདི་ནི་བཀླག་པ་ཡིས།།སངས་རྒྱས་སྐུ་མདག་ཐོབ་པར་འགྱུར།།ངྒ་རེ་བྱེ་མ་མཉམ་པ་ཡིས།།རྒྱལ་བ་མཆོག་ནི་མཐོའི་སློ་།།
iiif viewer powered by OpenSeadragon
476a - 477a