e-texts navigator
Collection
Volume
Page
Wylie

476a1 ཕྲག་པ་གཅིག་ཏུ་གཟར་ནས།པུས་མོ་གཡས་པའི་ལྷ་ངས་ལ་གཙུགས་ཏེ་ཐལ་མོ་སྦྱར་བ་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ཆོས།
476a2 ཀྱི་རྣམ་གྲངས་འདིའི་མིང་ཅི་ཞིག་བྱ།འདི་བདག་གིས་ཇི་ལྟར་གཟུང་བར་བགྱི།བཅོམ་ལྡན་འདས་ཀྱི་དཀའ་སྩལ་པོ།བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་བྱང་ཆུབ་སོད་དེ་སྔ
476a3 སྣོད་ཅེས་བྱ་བར་ཡང་ཟུང་ཤིག།ངོ་མཚར་སླད་དུ་བྱུང་བའི་ཆོས་ཀྱི་མན་ངག་ལེགས་པར་བསྟན་པའི་ལེའུ་ཞེས་བྱ་བར་ཡང་ཟུང་ཤེག།བྱང་ཆུབ་སེམས་དཔའི་སྤྱོད་པའི་རྗེསུ་འཇུག་པ
476a4 རྒྱུད་ཐམས་ཅད་ཀྱི་མཛོད་ཅེས་བྱ་བར་ཡང་ཟུང་ཤིག།ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པ་ངེས་པར་བསྟན་པ་ཉམས་པ་མེད་པ་ཞེས་བྱ་བར་ཡང་ཟུང་ཤིག།བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས
476a5 བྱི་བར་ཡང་ཟུང་ཤིག།འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞེས་བྱ་བར་ཡང་ཟུང་ཤིག།ཆོས་ཐམས་ཅད་ཀྱི་དོན་རྫོགས་པོ་ངེས་པར་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག།འཇིག་རྟེན
476a6 མ་ལུས་ཐམས་ཅད་ལ།།ཆོས་དང་ཆོས་མིན་རྣམ་སྦྱོད་ཅིང་།།བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ།།གང་ཁྱོད་ཀུན་ཏུ་རྣམ་པར་རྒྱུ།།དེ་བཞིན་ཆོས་ཀྱི་དམ་པ་མཆོག།གསང་བ་གཞན་ནི་མ་མཐོང་།།
476a7 སྡུག་རྒྱུད་དོན་དང་མདོ་རྣམས་དང་།།འགྲོ་བ་ཡུལ་ནི་སྐྱོན་མེད་པོ།།བྱང་ཆུབ་ཆོས་ལ་རབ་གཞོལ་བ།།དཔའ་བོ་གཞན་ནི་མ་མཐོང་ངོ་།།གང་འདི་བླ་མ་གསང་བ་དང་།།དྲང་དོན་མདོ་ཡིས་ཡོངསུ




iiif viewer powered by OpenSeadragon

475b - 476b

Texts on this page

N478 - 'phags pa 'jam dpal gyi rtsa ba'i rgyud