e-texts navigator
Collection
Volume
Page
Wylie

475b1 ཀློབ་པ་དང་།མཆོད་པ་དང་།།འཛིན་པ་དང་།ཁ་ཏོན་དུ་བྱེད་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་ཤིན་ཏུ་བཟུང་ཞིང་ཆོས་ཀྱི་མཛོད་མངོན་དུ་འགྱུར།།དམ་ཚིག་གི་སྤྱོད་པ་ལ་རྔ་སུ་མ་ཞུགས་པ་དང་།
475b2 དམ་ཚིག་མི་ཤེས་པ་གཞན་དག་ལ་ནི་རྣམ་པ་ཐམས་ཅད་དུ་བསྟན་པར་མི་བྱ་སྟེ།།གང་གི་ཕྱིར་འདི་ནི་གསང་བ་ཡིན་པའི་ཕྱིར་ཏེ།འདིས་ནི་ཐམས་ཅད་མཚོན་པ་ན།སེམས་ཅན་རྣམས་ཀྱི་དྲན་པ་མེད།།
475b3 པར་མ་བྱེད་ཅིག།འོན་ཀྱང་ཁྱོད་ཀྱིས་ཤེས་པར་འགྱུར།མཆོད་པ་བྱེད་པར་འགྱུར།ཡང་དོག་པར་འཛིན་པར་འགྱུར་ཞིང་བསོད་ནམས་ཆེན་པོ་ཡང་རབ་ཏུ་སྐྱེ་བར་འགྱུར་རོ།།སེམས་ཅན་སྐལ་བ་མེད
475b4 པ་རྣམས་ལ་བསྟན་པར་མི་བྱ་སྟེ།གཞན་དུ་ན་དབུལ་བ་དང་།ནད་དོང་།མཛེ་དང་།འཚེ་བ་དང་།འགོ་བའི་ནད་ཉིད་བྱེད་པར་འགྱུརརོ།།དེ་བས་ན་གཞན་དག་ལ་ཡོང་བསྟན་པར་མི་བྱའོ།།དམ་ཚིག་དང་།།
475b5 གསང་བའི་སྔགས་ཀྱི་སྤྱོད་པ་ལ་རྗེསུ་ཞུགས་པའི་སེམས་ཅན་རྣམས་དང་།དེ་བཞིན་གཤེགས་པའི་བསྟན་པ་ལོགས་པར་བསླབ་པ་རྣམས་དང་།ལེགས་པར་རྣམ་པར་བཞོག་པའི་དྲན་པ་དང
475b6 ལྡན་པ་རྣམས་དང་།ཆོས་ཀྱི་དོན་ལ་མཁས་པ་དང་།བསམ་གཏན་ལ་རབ་ཏུ་ཞུགས་པ་དང་།ཆོས་ལ་གནས་པ་དང་།བདེན་པར་སྨྲ་བ་དང་།སེམས་ཅན་གྱི་སྤྱད་པ་རབ་ཏུ་གནས་ཤིང་སྙིང་རྫི
475b7 སྤྱོད་པ་དང་རབ་ཏུ་ལྡན་པ་རྣམས་ཏེ།སེམས་ཅན་འདི་དག་ལ་བསྟན་པར་བྱ་ཡི་གཞན་དག་པ་ནི་མ་ཡིན།།དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོ་ནུར་གྱུར་པ་སྟན་ལས་ལངས་ཏེ་བླགས




iiif viewer powered by OpenSeadragon

475a - 476a

Texts on this page

N478 - 'phags pa 'jam dpal gyi rtsa ba'i rgyud