| | e-texts navigator
|
475a1 པ་དང་།གཟའ་དང་།འཆི་བ་ཆེན་པོའི་འཇིགས་པ་འབྱུང་བར་མི་འགྱུརརོ།།མི་མ་ཡིན་པའི་འཇིགས་པ་འམ།དེར་འདི་ལ་མིའི་འཇིགས་པ་འབྱུང་བར་མི་འགྱུར།།ཕྱིར་རྒོལ་བ་ཐོད་ཀྱི
475a2 འཇིགས་པ་འམ།དེར་འདི་ལ་ནད་ཀྱི་འཇིགས་པ་འབྱུང་བར་མི་འགྱུར།།དུས་མ་ཡིན་པར་འཆི་བའི་འཇིགས་པ་འམ།དེར་འདི་ལ་དུས་མ་ཡིན་པའི་ཆར་གྱིས་འཇིགས་པ་འབྱུང་བར་མི་འགྱུརརོ།།།
475a3 ཆར་ཆས་པའི་འཇིགས་པའམ།དེར་འདི་ལ་རླུང་ཆེན་པོའི་དཀྱིལ་འཁོར་གྱི་འཛེགས་པ་འབྱུང་བར་མི་འགྱུརརོ།།ཤ་ཟ་ཐམས་ཅད་ཀྱི་འཇིགས་པ་འམ།དང་འདི་ལ་དགའི་འཇིགས་པ་འབྱུང་བར།
475a4 མི་འགྱུར།དེ་བཞིན་དུ་གཡོན་ཅན་རྐུན་པོའི་འཇིགས་པ་འམ།དེར་འདི་ལ་འཆི་བའི་འཇིགས་པ་འབྱུང་བར་མི་འགྱུར་རོ།།གཤིན་རྗེའི་རྒྱལ་པོས་ཁྱེར་བའི་འཇིགས་པའམ།དེར་འདི་ལ་ཆོམ་རྐུན
475a5 གྱི་འཇིགས་པ་འབྱུང་བར་མི་འགྱུར་རོ།།ལྷ་ཐམས་ཅད་དང་།ཀླུ་དང་།གནོད་སྦྱིན་དང་།དྲི་ཟའི་འཇིགས་པའམ།དེར་འདི་ལ་གཞན་གྱི་སྔགས་ཀྱི་འཇིགས་པ་འབྱུང་བར་མི་འགྱུརརོ།།སྦྱར་བའི
475a6 དུག་ཐམས་ཅད་ཀྱི་འཇིགས་པ་འམ།དེར་འདི་ལ་ནད་ཀྱི་འཇིགས་པ་དང་།རིམས་དང་།ཚད་པར་འཁྲུ་བ་དང་།མ་ཞུ་བ་དང་།ཡན་ལག་དང་།ཉིང་ལག་གི་འཇིགས་པར་འབྱུང་བར་མི
475a7 འགྱུར་ཏེ།ཕན་ཡོན་བཅུ་པོ་འདི་དག་ཏུ་ཤེས་པར་བྱའོ།།གང་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོ་ག་ཆེན་པོ་རབ་འབྱམ་ཆོས་ཀྱི་མཛོད་འདི་གླགས་དུ་བྱས་ཏེ་བཞག་ལ།འདྲི་བ་དང་།
iiif viewer powered by OpenSeadragon
474b - 475b